ད་ལོ་དགུན་ཁར།
ད་ལོ་དགུན་ཁར ཁ་བ་མེ་ཏོག་གི་ཟོལ་གྱིས་མ་བབས
ད་ལོ་དགུན་ཁར མེས་པོ་ཁ་བཞིན་ཞུ་སོང
ཚ་ལམ་ལམ་གྱི་འོ་ཇ་སྣུམ་པོ ད་དུང་ཀུ་རེ་དང་དགོད་གཏམ
དགུན་ཁ་འདིར ང་ཁྱིམ་ཚང་ཞིག་གི་མགྲོན་པོ་ལ་གཞི་ནས་དུངས་བྱུང
ད་ལོ་དགུན་ཁར དབུས་ལ་འགྲོ་བའི་མཇལ་བ་མང
ད་ལོ་དགུན་ཁར དབུས་ཀྱི་རྡོ་ལམ་བདེ་མོའི་ལྕགས་ལམ་རེད
ད་ལོ་དགུན་ཁར སྐུད་བསྐུར་ལེ་ཚན་ནང་དུམགྲོན་པོ་མང
ཉེ་དུ་ཚང་མ་ཁ་སང་ལམ་ལ་ཆས་ནས དེ་རིང་དབུས་ལ་འབྱོར་ཡོད་ཟེར
ཀྭ་ཡེ་མེས་པོ དགུན་ཁ་འདིར
སྟོད་དབུས་ལམ་ཕྲ་མོ་རིང་སོང་མ་བསམ
ད་ལོ་དགུན་ཁར ང་ཡི་ལས་གྲོགས་ཚོས
འཚང་ཁ་ཤིག་ཤིག་གིས་བྱིས་པ་ཡང་བཙས་བྱུང
ཁྱིམ་ཚང་རེ་རེའི་སྡུག་བསྔལ་ཕྲན་བུར་ཡང་སེམས་ཁུར་བྱེད་ཀྱིན
ངས་ཆུང་མའི་ཚོགས་ལ
སྔོན་ཆད་ང་ཚོ“ཇག་གྲོགས”ཡིན་པའང་ཁས་མ་བླངས
ད་ལོའི་ཁ་བ་མེད་པའི་དགུན་ཁ་འདི
ས་བོན་ཡོད་ཚད་ལ་འབྲས་བུ་སྨིན་པའི་སྟོན་ཀ་ཡིན་ནམ
ཡང་ན འབྲས་བུ་ཡོད་ཚད་ས་རུ་འཐིམ་པའི་གཏམ་རྒྱུད་ཡིན
རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག