རྡུལ་ཕྲན་དང་གོ་ལ།

རྡུལ་ཕྲན་གཅིག་གིས་བཏེགས་པའི་སྟོང་ཁམས་ཀྱི་གོ་ལ

ཉི་ཟེར་དང་མིག་ཞགས་ཀྱི་ཕྲད་སྲིབས་ནས

ཁོ་བོའི་བྲང་གཞུང་ལ་ངུ་ཤུམ་གྱིས་འཐམས

སྐྱ་སང་སང་གི་གྲོང་ཁྱེར་འདིས་ནམ་མཁའ་ནས

སྤྲིན་པ་རྡོག་པོ་ཞིག་གི་འཛུམ་མདངས་མེད་པར

ཆུ་ཐིགས་གྱོང་བོ་འགའ་ཡི་མགྲོན་པོ་ལོག་འོངས

སྨག་ནག་གི་ཁྲོད་དུ་འོད་ཟེར་གྱི་ལོག་ཕེབས་ལ

སྐྲག་སྣང་སྐྱེས་ཏེ

ཞིག་རལ་གྱི་སྤྲིན་པ་འགའ་གཤེ་གཤེ་བཏང་མྱོང་བ་བདེན

ཨ་ཧྥེ་རི་ཀའི་ཚེ་སྲོག་ལྟོགས་སྐོམ་གྱིས་མ་བརླན་སྔོན་ལ

འཇིག་རྟེན་འདི་ནད་ཡངས་ཀྱིས་བརྫི་སྲིད

དབུགས་ཀྱི་རྒྱུ་བ་ཐེངས་ཤིག་འཐེན་ཡོངས་ཡོད་པའི་སྐབས་དེར

ད་ནི་རང་གི་བྱས་ཉེས་ལ་འགྱོད་བཤགས་བྱེད་རན་འདུག་སྙམ

ཅི་ལྟར་འགྱུར་སོང་།

ཅོར་རིགས་འཇམ་དཔལ་སྐྱབས།

མཛུབ་བལ་ལ་བཙིར་བའི་ཤིག་རྒན་ལྟོ་རྐྱལ་དེ་ཅི་ལྟར་འགྱུར་སོང

མཚན་གུང་ལ་ཟུག་པའི་ཁྱི་མོ་རྒྱ་རྒྱ་དེ་ཅི་ལྟར་འགྱུར་སོང

མེ་ལོང་ལས་རྙེད་པའི་ངོ་གདོང་འཁྱག་པ་དེ་ཅི་ལྟར་འགྱུར་སོང

ཕོར་ཁ་ནས་འདྲེས་པའི་གཟུགས་བརྙན་སྡུག་པོ་དེ་ཅི་ལྟར་འགྱུར་སོང

དྲན་པའི་ངོས་སུ་བརྐོས་པའི་ཆུ་ཚོད་འཁོར་ལོ་དེ་ཅི་ལྟར་འགྱུར་སོང

ནག་ནོག་གི་དྲི་མས་མ་ལྷད་པའི་དར་ཆ་དཀར་པོ་དེ་ཅི་ལྟར་འགྱུར་སོང

སྒལ་གཞུང་དུ་ཕབ་པའི་རྨ་ཤུལ་ཟབ་མོ་དེ་ཅི་ལྟར་འགྱུར་སོང

སྨུག་ཁ་ནས་བླངས་པའི་གླུ་སྐད་སྐྱ་བོ་དེ་ཅི་ལྟར་འགྱུར་སོང

མགྲིན་པའི་སྦུབས་ནས་བཙིར་བའི་རྣག་ཁྲག་གཤེར་བོ་དེ་ཅི་ལྟར་འགྱུར་སོང

ཁྱོད་དང་ང་ཡི་བར་གྱི་བྲང་གཞུང་དམར་པོ་དེ་ཅི་ལྟར་འགྱུར་སོང

སེམས་དང་སེམས་པའི་བར་གྱི་ཤིང་ཟམ་རྙིང་བ་དེ་ཅི་ལྟར་འགྱུར་སོང

གང་ལྟར་འགྱུར་སོང  ཤོག་བུའི་ངོས་ཀྱི་ནག་ཐིག་དེ་འགྱུར་སོང

གང་ལྟར་འགྱུར་སོང  བྲག་རྡོའི་སྟེང་གི་སྐྱུར་རྩི་དེ་འགྱུར་སོང

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡུལ་ཕྲན་དང་གོ་ལ།

2009-12-05 ལྷ་རྗེ་དཔལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།