ཡིག་སྒམ།

བདེ་སྐྱིད་ཀྱིས་མྱོས་པའི་དུ་བ་རྐང་གཅིག

དུས་ཚོད་ཀྱིས་གདུག་རྩུབ་ངང་འཐེན་ཚར་དུས

དགུན་གྱི་ཁ་བ་ཡང་བསྐྱར་འབབ་འགོ་ཚིགས

སེམས་ཀྱི་ཡིག་སྒམ་སླར་ཡང་སྟོང་བར་གྱུར

སྟེང་གི་ཉི་ཟླ་སྐར་གསུམ་གྱི་མཛེས་སྡུག

འོག་གི་རི་ཆུ་སྤང་གསུམ་གྱི་རྔམ་བརྗིད

ནང་གི་དགའ་སྐྱོ་ཆགས་ཞེན་ཚོར་འདུ

བཙན་པོ་ཞིག་གི་བཀའ་ཁྲིམས་ཀྱིས་རྩ་ནས་གཏོར

ཞེ་མཐུན་པའི་ཡིག་སྒམ་དྲོན་པ་དེ

གཞིབ་མི་ཚར་བའི་སྙིང་གཏམ་གྱི་མངར་བཅུད

གླེང་མི་ཚར་བའི་བརྩེ་གདུང་གི་བཟི་སྟོབས

ཡུན་རིང་ལ་ཁྱེར་ཡོང་སྟེ་སྐད་ཅིག་ལ་ཕྱིར་འཕྲོག་སོང

སེམས་མཐུན་གྱི་ཡིག་སྒམ་གཞན་གྱིས་བསླུས་སོང

ཉིན་མཚན་གྱི་མཆེ་བ་སྙིང་ལ་ཟུག་སོང

རྒྱ་སེ་ཡི་འདབ་མ་ཁྲག་ལ་འབྱར་སོང

དུས་ཚོད་ཀྱི་ནང་རོལ་ཁ་བས་མནན་སོང

ལྷ་མི་ཀླུ་ཡུལ་གྱི་བདེ་སྐྱིད་དང་མཛེས་སྡུག་ཁ་ཚང

གསོ་ཐབས་བྲལ་བའི་སྐྲན་ནད་ཅིག་གིས་གཟེར་ཏེ

ཡིད་ཆེས་དང་རེ་སྒུག་གི་ཚེ་སྲོག་དམར་པོ

སྟོང་སེམས་ཀྱི་མེ་ཕུང་ཁྲོད་ན་འུ་ཐུག་ངང་ཤེད་ཀྱིས་འབར

ཡུན་ཡིན་བོར་ལྷན་དུ་འབར་བའི་རྒྱ་སེ་ཡི་བཀྲག་མདངས

སྐད་ཅིག་ལ་གཡོ་ཟོལ་ནག་པོའི་ཁྲག་གིས་དཀྲུགས་ན

སྨག་རུམ་ལ་བྱིངས་པའི་ཡིག་སྒམ་དེའི་ལག་པ

ད་ལྟའང་འཁྱག་སིབ་སིབ་ཏུ་སྙིང་ཁོང་ལ་བཞུར་འོང

དམ་ཚིག་ཉམས་པའི་ཡིག་སྒམ་དེའི་ལྷིང་འཇགས་ཀྱིས

དྲན་ཤེས་མཐུག་པོའི་ཟུག་གཟེར་དྲག་ཏུ་སྒུལ་ཞིང

དུས་ཚོད་ཀྱི་རུམ་ནས་རྨ་ཁ་མང་པོ་སྐྱེས་ཡོང་དུས

སེམས་ཀྱི་ལོ་མའི་འོད་ཟེར་རེ་རེ་དུར་ལ་ནུབ

བརྗོད་སྙིང་ཤོར་བའི་དུས་ཚོད་ཀྱི་ཚེ་སྲོག

ཡིད་རྟོན་བྲལ་བའི་འབབ་ཚིགས་དེའི་རྒྱབ་འགལ

སེམས་ཀྱི་བུ་གར་འཚང་བའི་ལོ་ཟླ་མང་པོའི་མཐུག་ཚད

གདོང་འབག་རེ་རེ་བཤུས་ཤུལ་ན་ད་དུང་ཅི་ཞིག་ལུས་ཡོད

འཁྱག་སིབ་སིབ་ཀྱི་ཡིག་སྒམ་དེའི་ལག་པས

སེམས་ཀྱི་ཕྱེད་ངོས་ལ་སྨག་རུམ་བྱུགས་ཤིང

ཕྱེད་ངོས་ཀྱི་ཉི་ཐིག་དྲོན་པོ་དེ་ཡང་རིམ་གྱིས་སྒྲིབ་ན

ད་ནི་སུ་ཞིག་ཡིད་རྟོན་གྱི་སྲོག་ཤིང་ལ་ཀེར་ཆོག

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིག་སྒམ།

2009-12-03 དཔལ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།