ཕ་ཡུལ།
མིག་ཟུང་འདི་ཅི་འདྲའི་ཆུང་ནའང
དེ་རུ་རྒྱུ་སྐར་གྱིས་བཀང་བའི་ནམ་མཁའ་ཞིག་ཤོང་ཐུབ
རས་ནག་པོ་ཡུག་གཅིག་གི་ངོས་སུ་རྡོ་རྗེ་ཕ་ལམ་རྫོགས་མཐའ་མེད་པ་ཞིག་གཏོར་ཡོད་འདུག
ང་ཡི་སྣང་ངོར ནམ་མཁའ་དེ་ང་གཅིག་པུས་རྩོལ་བ་མེད་པར་གསར་དུ་བཟོས་པ་ཡིན་པས
དེ་ལྟ་བུའི་ཕ་ཡུལ་ཞིག་རྒྱབ་ཏུ་བསྐྱུར་ཏེ
དཀའ་ཚེགས་ཆེན་པོས་བགྲོད་ལམ་གཞན་ཞིག་བཟོ་བར་དགོས་པ་ཅི་ཡང་མེད་པ་འདྲ
མིག་ཟུང་བཙུམས་ནས་རང་གི་སེམས་ལ་ལྟ་སྐབས་ཀྱང
ངས་དེ་ལྟར་འདོད་ཀྱིན་འདུག
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག