མཚན་གུང་གི་རླུང་ཆེན་པོ།

སྡོང་བོ་སུ་ཞིག་གིས་གཡོ་བཞིན་ཡོད་དམ

སྒེའུ་ཁུང་སུ་ཞིག་གིས་རྡུང་བཞིན་ཡོད་དམ

གྲིབ་མའང་མེད་པའི་སྲང་ལམ་ན་སུ་ཞིག་གིས་འུར་ཆོམ་གྱི

རོལ་དབྱངས་དཀྲོལ་བཞིན་ཡོད་དམ

 

དགའ་རོགས་ཚོའི་ཤ་དྲོད་ལུས་པའི

སྤང་ཐོག་གི་ཚགས་པར་དེ་དག

བྲེལ་འཚུབ་ངང་གནམ་ལ་འཕུར་དོན་ནི

སུ་ཞིག་གིས་བར་སྣང་ནས་འབོད་པ་བཏང་བ་ཨེ་ཡིན

 

མཚེའུའི་གདོང་ལ་མི་སྡུག་པའི་གཉེར་མ་འབྲི་མཁན་སུ་རེད

རྒྱ་ལྕང་གི་སྐྲ་ལོ་སིལ་བུར་བསིལ་མཁན་སུ་རེད

ལྷིང་འཇགས་ཀྱི་མཚན་མོ་འུར་གྱིས་དཀྲུགས་མཁན་སུ་རེད

 

ཨོ   འདི་ནི་རླུང་ཆེན་པོ་རེད

ཁ་ཕྱོགས་འཚོལ་བཞིན་པའི་རླུང་ཆེན་པོ་རེད

ཁོས་རལ་གྲི་གཡུག་གིན་མདུན་དུ་རྒྱུན་གིན་འདུག

གློག་ཏོག་དམར་པོའི་འགོག་རྒོལ་ལ་མི་འཛེར་པར་མདུན་དུ་རྒྱུག་གིན་འདུག

རླུང་ཆེན་པོ་འདི   ལྗིད་ཀྱིས་མནན་པའི་ས་གཞིའི་ཁ་རླངས་ཡིན

ཡང་ན་མཐོ་རུ་བཏེགས་པའི་ནམ་མཁའི་འཕར་ལྡིང་ཡིན

ནག་ཐིང་ཐིང་གི་མཚན་མོར   སྒེའུ་ཁུང་རེ་རེར་བྲེལ་འཚུབ་ཀྱིས་འཚང་ནས

སུ་ཞིག་གཉིད་ལས་སློང་འདོད་ཀྱི་སྤྲོ་བས་བརྟས

 

རླུང་ཆེན་པོ   མཚན་མོ་རེ་རེར་རྨི་ལམ་གྱི་སྒེ་གླེགས་རྡུང་དུ་ཡོང་བས

འཕྲུལ་སྣང་གི་ཡུལ་ལྗོངས་དེ་རུ

མི་རྟ་ཁྱི་སོགས་ཀྱི་འུར་ཟིང་བསྟུད་མར་བསླངས

 

ཁ་ཕྱོགས་འཚོལ་བཞིན་པའི་རླུང་ཆེན་པོ

མཚན་མོའི་ཟབ་ཚད་གཞལ་བའི་ཐ་གུ་ཕྲ་མོ་སྟེ

སྦྲུལ་གྱི་ཞགས་པ་བཞིན་ཁང་བའི་བ་གམ་ལ་འཁྲིལ་ཞིང

འོད་སྣང་ཕྲན་བུ་རེའང་རང་གི་རྒྱུན་བུར་བརྒྱུས་འགྲོ

 

རླུང་ཆེན་པོས      སྙིང་ཁར་བཅངས་པའི་ཤོག་བུ་རྒྱང་རིང་དུ་ཁྱེར་འགྲོ

ཤོག་བུ་བཏབ་པའི་ཡིག་འབྲུ་རྒྱང་རིང་དུ་ཁྱེར་འགྲོ

ཡིག་འབྲུར་བཀོད་པའི་སྙན་ངག་རྒྱང་རིང་དུ་ཁྱེར་འགྲོ

ཤུལ་དུ་ཟླ་ཚེས་དང   སྙན་ངག་པའི་ཐལ་མོ་སྐམ་པོ་ལུས་ཡོད

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་གུང་གི་རླུང་ཆེན་པོ།

2009-11-30 གཡག་བུ་དཔའ་རྩལ། ཀློག་གྲངས། མཆན ཡོད།

སྡོང་བོ་སུ་ཞིག་གིས་གཡོ་བཞིན་ཡོད་དམ

སྒེའུ་ཁུང་སུ་ཞིག་གིས་རྡུང་བཞིན་ཡོད་དམ

གྲིབ་མའང་མེད་པའི་སྲང་ལམ་ན་སུ་ཞིག་གིས་འུར་ཆོམ་གྱི

རོལ་དབྱངས་དཀྲོལ་བཞིན་ཡོད་དམ

 

དགའ་རོགས་ཚོའི་ཤ་དྲོད་ལུས་པའི

སྤང་ཐོག་གི་ཚགས་པར་དེ་དག

བྲེལ་འཚུབ་ངང་གནམ་ལ་འཕུར་དོན་ནི

སུ་ཞིག་གིས་བར་སྣང་ནས་འབོད་པ་བཏང་བ་ཨེ་ཡིན

 

མཚེའུའི་གདོང་ལ་མི་སྡུག་པའི་གཉེར་མ་འབྲི་མཁན་སུ་རེད

རྒྱ་ལྕང་གི་སྐྲ་ལོ་སིལ་བུར་བསིལ་མཁན་སུ་རེད

ལྷིང་འཇགས་ཀྱི་མཚན་མོ་འུར་གྱིས་དཀྲུགས་མཁན་སུ་རེད

 

ཨོ   འདི་ནི་རླུང་ཆེན་པོ་རེད

ཁ་ཕྱོགས་འཚོལ་བཞིན་པའི་རླུང་ཆེན་པོ་རེད

ཁོས་རལ་གྲི་གཡུག་གིན་མདུན་དུ་རྒྱུན་གིན་འདུག

གློག་ཏོག་དམར་པོའི་འགོག་རྒོལ་ལ་མི་འཛེར་པར་མདུན་དུ་རྒྱུག་གིན་འདུག

རླུང་ཆེན་པོ་འདི   ལྗིད་ཀྱིས་མནན་པའི་ས་གཞིའི་ཁ་རླངས་ཡིན

ཡང་ན་མཐོ་རུ་བཏེགས་པའི་ནམ་མཁའི་འཕར་ལྡིང་ཡིན

ནག་ཐིང་ཐིང་གི་མཚན་མོར   སྒེའུ་ཁུང་རེ་རེར་བྲེལ་འཚུབ་ཀྱིས་འཚང་ནས

སུ་ཞིག་གཉིད་ལས་སློང་འདོད་ཀྱི་སྤྲོ་བས་བརྟས

 

རླུང་ཆེན་པོ   མཚན་མོ་རེ་རེར་རྨི་ལམ་གྱི་སྒེ་གླེགས་རྡུང་དུ་ཡོང་བས

འཕྲུལ་སྣང་གི་ཡུལ་ལྗོངས་དེ་རུ

མི་རྟ་ཁྱི་སོགས་ཀྱི་འུར་ཟིང་བསྟུད་མར་བསླངས

 

ཁ་ཕྱོགས་འཚོལ་བཞིན་པའི་རླུང་ཆེན་པོ

མཚན་མོའི་ཟབ་ཚད་གཞལ་བའི་ཐ་གུ་ཕྲ་མོ་སྟེ

སྦྲུལ་གྱི་ཞགས་པ་བཞིན་ཁང་བའི་བ་གམ་ལ་འཁྲིལ་ཞིང

འོད་སྣང་ཕྲན་བུ་རེའང་རང་གི་རྒྱུན་བུར་བརྒྱུས་འགྲོ

 

རླུང་ཆེན་པོས      སྙིང་ཁར་བཅངས་པའི་ཤོག་བུ་རྒྱང་རིང་དུ་ཁྱེར་འགྲོ

ཤོག་བུ་བཏབ་པའི་ཡིག་འབྲུ་རྒྱང་རིང་དུ་ཁྱེར་འགྲོ

ཡིག་འབྲུར་བཀོད་པའི་སྙན་ངག་རྒྱང་རིང་དུ་ཁྱེར་འགྲོ

ཤུལ་དུ་ཟླ་ཚེས་དང   སྙན་ངག་པའི་ཐལ་མོ་སྐམ་པོ་ལུས་ཡོད

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།