སྒྲོལ་མ།

ཀླུ་ཚང་སྨྱུག་རྩེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-11-30

སྒྲོལ་མ   དེ་རིང་ནི་ཁྱོད་ཀྱི་བཀྲ་ཤིས་པའི་གཉེན་སྟོན་ཡིན

ཚོད་དཔག་བྱས་ན     ཁྱོད་ཀྱིས་གོན་པ་གསར་བ་གྱོན་ནས

ཁྲོམ་ཚོགས་སུ་རང་གི་སྒེག་ཉམས་དེ་ངོམ་གྱིན་ཡོད་ངེས

མག་གསར་དང་མཉམ་དུ   བདུད་རྩི་འདི་གཙང་བཞེས་གནོངས་ཞེས

སྐུ་མགྲོན་ཚོར་སྐྱུར་སིལ་སིལ་གྱི       གཉེན་ཆང་འདྲེན་གྱིན་ཡོད་ངེས

 

ཚོད་དཔག་བྱས་ན   ངས་སྔོན་ཆད་ཉོས་པའི་དྲན་རྟེན་དེ་དག

ད་ལྟ་ཁྱོད་ཀྱིས་གང་ཞིག་ཏུ་དབྱུགས་ཟིན་པའམ

གྲུ་ཁ་ཞིག་ན་ཁེར་རྐྱང་ངང་རླུང་བུས་ཟད་ཀྱིན་ཡོད་ངེས

ངས་ཁྱོད་རང་ཁོ་ནར་བྱིན་པའི་རྣམ་དག་གི་སེམས་པ་དེ་ཡང

ད་ལྟ་གཞི་ནས་ཁེར་རྐྱང་གི་སྡོང་བོ་ཞིག་ཏུ་གྱུར་བ

ཁྱོད་ཀྱིས་ད་དུང་ཤེས་ཀྱིན་མེད་ཨང

 

སྒྲོལ་མ   གནས་ཡུལ་ནི་ཁྱོད་རང་རྒས་ཤིང་འཁོགས་པར་གྱུར་ནས

རུས་པ་དཀར་པོ་ས་ལ་འཐོར་ས་དེ་ཡིན   ནམ་ཉི་མ་ཞིག་ལ

ཁྱོད་ཀྱིས་ད་གཟོད་འདས་དོན་དྲན་ཡོང་ལ

འཇའ་ལྟར་ཡལ་ཟིན་པའི་ལང་ཚོ་དང་བརྩེ་དུངས་ཀྱང་དྲན་སྲིད

 

སྒྲོལ་མ   གཟའ་སྐར་འཕྲོད་སྦྱོར་གྱི་དེ་རིང་ནས་བཟུང

ཁྱོད་རང་གཞན་ལ་བྱིན་པ་བཙའ་སྤྱད་ཀྱི་འཕྲུལ་འཁོར་དེ་ཡིན

སྐྱིད་ན་སྡུག་ན   ཁྱོ་གའི་མེ་ལྟར་དམར་བའི་ངོ་གདོང་འཚོས་ནས

མེ་ཏོག་ལྟ་བུའི་ལང་ཚོ་འདི་གདན་དུ་འདིང་དགོས་པ

ཆང་འཕང་ཁ་བཏགས་བླངས་པའི་གཉེན་རྟགས་ཀྱི་གོ་དོན་དེ་ཡིན

 

སྒྲོལ་མ     དེ་རིང་ནས་བཟུང་ཁྱོད་དངོས་སུ་གཞན་ལག་ཏུ་ཤོར་ཚར

ཁྱོད་དྲན་ན   ངས་མྱ་ངམ་གྱི་ཐང་ཆེན་ཞིག་མཐོང་གིན་འདུག

བྱེ་ཐང་དང་སྨིག་རྒྱུའི་ཆུ་བོ་ཞིག་མཐོང་གིན་འདུག

ཁྱོད་རང་གཞན་ལག་ཏུ་ཤོར་ཚུལ་གྱི    ལྷ་སྒྲུང་ལྟ་བུའི

གོ་རིམ་ཧྲིལ་པོ་དེ་ཡང་མཐོང་གིན་འདུག

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་མ།

2009-11-30 ཀླུ་ཚང་སྨྱུག་རྩེན། ཀློག་གྲངས། མཆན ཡོད།

སྒྲོལ་མ   དེ་རིང་ནི་ཁྱོད་ཀྱི་བཀྲ་ཤིས་པའི་གཉེན་སྟོན་ཡིན

ཚོད་དཔག་བྱས་ན     ཁྱོད་ཀྱིས་གོན་པ་གསར་བ་གྱོན་ནས

ཁྲོམ་ཚོགས་སུ་རང་གི་སྒེག་ཉམས་དེ་ངོམ་གྱིན་ཡོད་ངེས

མག་གསར་དང་མཉམ་དུ   བདུད་རྩི་འདི་གཙང་བཞེས་གནོངས་ཞེས

སྐུ་མགྲོན་ཚོར་སྐྱུར་སིལ་སིལ་གྱི       གཉེན་ཆང་འདྲེན་གྱིན་ཡོད་ངེས

 

ཚོད་དཔག་བྱས་ན   ངས་སྔོན་ཆད་ཉོས་པའི་དྲན་རྟེན་དེ་དག

ད་ལྟ་ཁྱོད་ཀྱིས་གང་ཞིག་ཏུ་དབྱུགས་ཟིན་པའམ

གྲུ་ཁ་ཞིག་ན་ཁེར་རྐྱང་ངང་རླུང་བུས་ཟད་ཀྱིན་ཡོད་ངེས

ངས་ཁྱོད་རང་ཁོ་ནར་བྱིན་པའི་རྣམ་དག་གི་སེམས་པ་དེ་ཡང

ད་ལྟ་གཞི་ནས་ཁེར་རྐྱང་གི་སྡོང་བོ་ཞིག་ཏུ་གྱུར་བ

ཁྱོད་ཀྱིས་ད་དུང་ཤེས་ཀྱིན་མེད་ཨང

 

སྒྲོལ་མ   གནས་ཡུལ་ནི་ཁྱོད་རང་རྒས་ཤིང་འཁོགས་པར་གྱུར་ནས

རུས་པ་དཀར་པོ་ས་ལ་འཐོར་ས་དེ་ཡིན   ནམ་ཉི་མ་ཞིག་ལ

ཁྱོད་ཀྱིས་ད་གཟོད་འདས་དོན་དྲན་ཡོང་ལ

འཇའ་ལྟར་ཡལ་ཟིན་པའི་ལང་ཚོ་དང་བརྩེ་དུངས་ཀྱང་དྲན་སྲིད

 

སྒྲོལ་མ   གཟའ་སྐར་འཕྲོད་སྦྱོར་གྱི་དེ་རིང་ནས་བཟུང

ཁྱོད་རང་གཞན་ལ་བྱིན་པ་བཙའ་སྤྱད་ཀྱི་འཕྲུལ་འཁོར་དེ་ཡིན

སྐྱིད་ན་སྡུག་ན   ཁྱོ་གའི་མེ་ལྟར་དམར་བའི་ངོ་གདོང་འཚོས་ནས

མེ་ཏོག་ལྟ་བུའི་ལང་ཚོ་འདི་གདན་དུ་འདིང་དགོས་པ

ཆང་འཕང་ཁ་བཏགས་བླངས་པའི་གཉེན་རྟགས་ཀྱི་གོ་དོན་དེ་ཡིན

 

སྒྲོལ་མ     དེ་རིང་ནས་བཟུང་ཁྱོད་དངོས་སུ་གཞན་ལག་ཏུ་ཤོར་ཚར

ཁྱོད་དྲན་ན   ངས་མྱ་ངམ་གྱི་ཐང་ཆེན་ཞིག་མཐོང་གིན་འདུག

བྱེ་ཐང་དང་སྨིག་རྒྱུའི་ཆུ་བོ་ཞིག་མཐོང་གིན་འདུག

ཁྱོད་རང་གཞན་ལག་ཏུ་ཤོར་ཚུལ་གྱི    ལྷ་སྒྲུང་ལྟ་བུའི

གོ་རིམ་ཧྲིལ་པོ་དེ་ཡང་མཐོང་གིན་འདུག

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།