ང་རང་། (གཞན་ཚན་པ་གཅིག)
གླིང་བུ་འབུད་ཐེངས་རེ་ལ
སྐད་ཆ་དེ་བརྩེ་དུང་གི་སླད་དུ་རླུང་ལ་བསྐུར་མྱོང
འོན་ཀྱང གོ་བ་ཇི་ལྟར་བླངས་ཀྱང་ཆོག
ནམ་ཞིག་ཁྱོད་ཚོས་གད་སྙིགས་དེའི་ཁྲོད་ནས
འཚོལ་བཞིན་པ་དེ་ང་རང་ཡིན་སྲིད
དོ་ནུབ་ཀྱི་ཁ་བ།
ང་སྒོ་འགྲམ་དུ་ལངས་ཞོར
ཁ་བའི་འདབ་མ་རེ་རེ་ཡི་འཕུར་སྟངས་ལ་བལྟས
སྐབས་དེར ཤུགས་རིང་ཞིག་གི་སྣེ་ནས
ལག་མཐིལ་དུ་ལྷུང་ཡོད་པའི་ཁ་བ་དྲན་དུས
གློ་བུར་དུ ངས་གྲང་འདར་ཐེངས་གཅིག་བརྒྱབ
ཨ་ཨ ཁ་བ དོ་ནུབ་ཀྱི་ཁ་བ
ངའི་མིག་ཀོང་དུ་བབས་པའི་ཁ་བ
མེད།
མིག་ཟུང་འདི་མ་བཙུམས་པའི་ཡར་སྔོན་ལ
ང་ལ་སྨྱོ་ནད་ཕོག་པས
ལུས་པོ་འདི་དུར་ཁྲོད་དུ་བསྐྱལ
ལོ་ཟླ དར་ལྕོག་བཞིན་ཧྲལ་ཧྲུལ་དུ་འཐོར་ཡང
འདྲེ་འདྲེ་མོའི་ཧབ་ཆ་དང་ངུ་འབོད་ཁྲོད
ཝུ་ཆང་ཁམ་གང་གིས་བོར་བའི་ང
སྙིང་རེ་རྗེ ད་ལྟ་ཅི་ཡང་མེད
ཅི་ཡང་མེད
རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག