སྒྲོལ་མ་དང་འབྲེལ་བ་མེད་པའི་ལོ་ཟླ།
༡
སྒྲོམ་དང་འབྲེལ་བ་མེད་པའི་ལོ་ཟླའི་ནང
ངས་ཁོ་མོ་ད་དུང་རྨི་ལམ་དུ་རྨིས་ཤིང
གཙང་པོ་ཞིག་གི་ཕར་ཚུར་ནས
ཕན་ཚུན་ལ་མེ་ཏོག་འཕེན་རེས་བྱེད
སེམས་ཀྱི་འཕྲུལ་སྣང་ཞིག་ལ
མེད་པ་དེ་དངོས་སུ་ཡོད་ཡོད་འདྲ་བས
ངས་གྲོགས་པོ་ཚོར་ཆང་དཀར་འདེགས་བཞིན
སྒྲོལ་མ་དངོས་སུ་ཡོང་གིན་ཡོད་ཅེས་བཤད
༢
སྒྲོལ་མ་དང་འབྲེལ་བ་མེད་པའི་ལོ་ཟླའི་ནང
ངས་རྒྱུན་དུ་སྒྲོལ་མ་སེམས་ཀྱིས་འཚོས་ཤིང
སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དེ་ཡང
ཚེ་རབས་སྔོན་མའི་སྔོན་མ་ཞིག་ལ
རང་གི་བྲིས་པ་ལོས་ཡིན་སྙམ
སྒྲོལ་མ་དང་འབྲེལ་བ་མེད་པའི་ལོ་ཟླའི་ནང
ངས་རང་ལ་དོན་མེད་ཀྱི་མྱི་ཁ་ཞིག་
འཁོར་གྱིན་འདུག་སྙམ
ཁ་པར་ཞིག་གི་སྣེ་མོ་ན
སྒྲོལ་མས་སུ་ཞིག་ལ་སྒུག་བསྡད་ཡོད་པ
སྒྲོལ་མ་མིན་པའི་ང་ཚོས་ཅི་ལྟར་ཤེས
༣
སྒྲོམ་དང་འབྲེལ་བ་མེད་པའི་ལོ་ཟླའི་ནང
སྙན་ངག་ནི་ནམ་ཡང་བཞུར་ནས་ཡོང་བས
ལན་རེར་ང་ལ་སྣག་ཤོག་གིས་ཀྱང་འདང་གི་མེད
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག