བཤད་སྟངས་ཤིག
རྩྭ་ཐང་ནི་མུ་མཐའ་བྲལ་བ་ཞིག་མ་ཡིན་ཏེ
ཁྱོད་ཀྱི་ཁོག་རྒྱ་ཆུང་ཞིང་བློ་རྒྱ་དོགས་པའི་རྐྱེན་གྱིས
ཐ་སྙད་དེ་བློ་ངོར་གནས་སྐབས་སུ་མ་བདེ་བ་ཙམ་ཡིན
དེ་བཞིན་དུ་རྒྱ་མཚོའང་གཏིང་མཐའ་བྲལ་བ་ཞིག་ག་ལ་ཡིན
རླུང་བུའི་རྒྱུ་ཕྱོགས་ལྟར
ཁ་བ་ལྷབ་ལྷུབ་བབས་ནའང
ཁྱོད་རང་ཐུགས་བདེ་ངང་ག་ལེར་ཕེབས་ཆོག་སྟེ
ནམ་མཁའ་རལ་ནས་ཐེད་སོང་རུང
ལྷན་པ་རྒྱག་པའི་འགན་དེ་ཁྱོད་ལ་མ་བབས་སོ
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག