དེ་རིང་གི་འཁོར་བ།
གྲོང་ཁྱེར་འདིའི་མགུལ་ན་ཉི་འོད་ལྡག་བཞིན་པ་ནི
ང་དང་ཁྱེད ད་དུང་ཁོ
ད་དུང་རླངས་འཁོར་དང་མེ་ཏོག ཆུ་བོ
ད་དུང་དུས་ཚོད
གྲོང་གསེབ་ནས་འོངས་པའི་སྤོ་བོ་ཞིག་གིས
རང་གིས་བཙག་པའི་ནས་ཆང་ལའང་བྲོ་བ་མི་འདུག་ཅེས
སྐོམ་པ་དང་ཆང་དམ་གཉིས་ཀ
མདོ་དབུས་མཐོ་སྒང་ནས་མདོ་དབུས་མཐོ་སྒང་ལ་གཡུག་གིན་འདུག
སྤྱི་སྤྱོད་རླངས་འཁོར་གྱི་དྲ་མའི་ཕྱི་རོལ་དུ
ངའི་མིག་ལམ་ཏུ་ཐོགས་པ་དག་ནི
ངའི་བརྗེད་བཞིན་པ་དང
ངས་དྲན་བཞིན་པ་གཉིས་ཀྱི་ཞེན་ཆགས་དང་འདྲ
གཞུང་ལས་གྲོལ་བ་ན
མི་ཚེ་ལྟ་བུའི་ཇ་ཁང་དུ་ཕྱིན་ཏེ
དེ་རིང་གི་ངལ་བ
དེ་རིང་གི་མཛེས་སྡུག་ལ་སྤྲད
རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག