ངའི་སེམས་གཏམ། ཞོགས་པའི་སྨུག་ལོང་གི་ཁྲོད་ན།

ལྷུན་གྲུབ་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-04

ཆུང་ལོ  རྒྱང་རིང་ས་མཐའ་དེ་ནས

གནག་སྣུམ་གྱི་སྐྲ་ལོ་རིང་མོས

ཁྱེད་ལ་གཅེས་སེམས་དང་རྒྱང་འབོད་གཏོང་ལ

དམར་ཆུང་གི་སེམས་གཉོམ་པས

ཁྱེད་ལ་ཁྲེལ་གཞུང་དང་ཕྱི་ཐག་གླེང

 

ཆུང་ལོ  རང་དབང་ནི་རྗེས་འགོ་མི་ཟིན་པའི་རླུང་བུ་རེད

སུ་མཁྲེགས་ཀྱི་རྣོ་ངར་རྩུབ་པའི་ཕ་མའི་བཀའ་ལུང་ལྕི་མོས

ང་རང་གཞན་དབང་གི་ས་མཐའ་དེད་སོང

ཡང་སྙིང  དར་གྱིས་དཀྲིས་པའི་བདེ་སྐྱིད་དེ་ང་ལ་སུ་ཞིག་གིས་སྟེར་ཐུབ

ཡང་ལྕི་ཤོར་བའི་གོམ་པ་ཆུང་ཆུང་རྒྱང་ལ་མི་སྤོ་ཐབས་ཤིག་ཁྱོད་ཀྱིས་གསུང་དང

 

ཆུང་ལོ  གཏམ་རྒྱུད་དག་བརྗེད་པར་གྱིས་དང

བདག་དང་དགོང་ཁའི་མཚམས་སྤྲིན་དམར་པོས

ཁྱེད་ཀྱི་སྐད་ཆ་དང་ལྷན་འཛོམ་ཀྱི་རེ་སྒུག་བཏུས་ནས

ལོ་ཟླ་ག་ཚོད་བརྩེགས་པར

ཕྱིར་མིག་རེ་གནང་ཨེ་མྱོང

འདི་ལྟར་ཐོབ་ཤོར་དང་ཞེན་ཆགས་མང་པོའི་གསེབ་ནས

ངའི་སེམས་གཏམ

ཞོགས་པའི་སྨུག་ལོང་གི་ཁྲོད་ན

ཁ་ཕྱོགས་དང་རང་དབང་བྲལ་ཚར་བར

རྔོན་པའི་མདའ་རྩེ་ཕོག་པའི་ཡུ་མོ་འདྲ

ཆུང་ལོ་ཡ  ངའི་སེམས་ཀྱི་རྒྱལ་སྲས་ལྟ་བུའི་ཆུང་ལོ

ཁྱེད་མེད་པའི་འཁྱམ་ཉུལ་གྱི་ལོ་ཟླ་ཇི་འདྲའི་རིང

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སེམས་གཏམ། ཞོགས་པའི་སྨུག་ལོང་གི་ཁྲོད་ན།

2010-04-04 ལྷུན་གྲུབ་སྐྱིད། ཀློག་གྲངས། མཆན ཡོད།

ཆུང་ལོ  རྒྱང་རིང་ས་མཐའ་དེ་ནས

གནག་སྣུམ་གྱི་སྐྲ་ལོ་རིང་མོས

ཁྱེད་ལ་གཅེས་སེམས་དང་རྒྱང་འབོད་གཏོང་ལ

དམར་ཆུང་གི་སེམས་གཉོམ་པས

ཁྱེད་ལ་ཁྲེལ་གཞུང་དང་ཕྱི་ཐག་གླེང

 

ཆུང་ལོ  རང་དབང་ནི་རྗེས་འགོ་མི་ཟིན་པའི་རླུང་བུ་རེད

སུ་མཁྲེགས་ཀྱི་རྣོ་ངར་རྩུབ་པའི་ཕ་མའི་བཀའ་ལུང་ལྕི་མོས

ང་རང་གཞན་དབང་གི་ས་མཐའ་དེད་སོང

ཡང་སྙིང  དར་གྱིས་དཀྲིས་པའི་བདེ་སྐྱིད་དེ་ང་ལ་སུ་ཞིག་གིས་སྟེར་ཐུབ

ཡང་ལྕི་ཤོར་བའི་གོམ་པ་ཆུང་ཆུང་རྒྱང་ལ་མི་སྤོ་ཐབས་ཤིག་ཁྱོད་ཀྱིས་གསུང་དང

 

ཆུང་ལོ  གཏམ་རྒྱུད་དག་བརྗེད་པར་གྱིས་དང

བདག་དང་དགོང་ཁའི་མཚམས་སྤྲིན་དམར་པོས

ཁྱེད་ཀྱི་སྐད་ཆ་དང་ལྷན་འཛོམ་ཀྱི་རེ་སྒུག་བཏུས་ནས

ལོ་ཟླ་ག་ཚོད་བརྩེགས་པར

ཕྱིར་མིག་རེ་གནང་ཨེ་མྱོང

འདི་ལྟར་ཐོབ་ཤོར་དང་ཞེན་ཆགས་མང་པོའི་གསེབ་ནས

ངའི་སེམས་གཏམ

ཞོགས་པའི་སྨུག་ལོང་གི་ཁྲོད་ན

ཁ་ཕྱོགས་དང་རང་དབང་བྲལ་ཚར་བར

རྔོན་པའི་མདའ་རྩེ་ཕོག་པའི་ཡུ་མོ་འདྲ

ཆུང་ལོ་ཡ  ངའི་སེམས་ཀྱི་རྒྱལ་སྲས་ལྟ་བུའི་ཆུང་ལོ

ཁྱེད་མེད་པའི་འཁྱམ་ཉུལ་གྱི་ལོ་ཟླ་ཇི་འདྲའི་རིང

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།