ཚེ་སྲོག་གི་རྒྱུད་སྐུད།

དེབ་བསང་འཇིགས་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-04

ལྷ་ཆེན་ཚངས་པ་དཀར་པོའི་མངའ་ཐང་ལ་མ་ཆགས།།

ཀླུ་རྒྱལ་དུང་སྐྱོང་དཀར་མོའི་གཙུག་ནོར་ལ་མ་ཆགས།།

རིན་ཐང་མེད་པ་འཇིག་རྟེན་འགྲོ་བ་མིའི་ལོངས་སྤྱོད།།

ཞིབ་ཏུ་བསམ་ཚེ་དེ་ལས་ཆགས་དོན་རང་མི་འདུག།

མིང་སྟོང་དབྱར་རྔ་ལྡིར་བའི་མཚན་སྙན་ལ་མི་ཆགས།།

མཁས་རློམ་འཁྲུལ་སྣང་ཅན་གྱི་དགའ་བདེ་ལ་མི་ཆགས།།

བཅུ་དྲུག་ན་ཆུང་མཛེས་མའི་བསླུ་བྲིད་ལ་མི་ཆགས།།

རང་ལ་མི་ཕན་ཕྱི་མའི་བུ་ལོན་འདིས་ཅི་བྱེད།།

དཀར་ནག་ལས་ཀྱི་ཤན་འགྱེད་གཤིན་རྗེ་ཡི་རྒྱལ་བོས།།

རྐང་གླིང་དམར་པོས་འཆི་བའི་སྐད་བརྡ་དེ་གཏོང་དུས།།

མཐོ་དམན་དབུལ་ཕྱུག་གང་ཡིན་ཉམ་ཐག་གི་འགྲོ་བ།།

རང་རང་ལས་ཀྱི་མ་བུའི་ཉིང་མཚམས་རེ་སྦྱར་དགོས།།

འཇིགས་རུང་ཁྲོ་གཉེར་ཅན་གྱི་གཤིན་རྗེ་ཡི་སྐུ་ངོ་།།

རིན་ཆེན་ནོར་ལ་སྲེད་པ་ཅུང་ཟད་ཀྱང་མི་མངའ།།

གསེར་སྦྱང་བཙོ་མའི་རང་བཞིན་རྣམ་དག་གི་ལྷ་ཆོས།།

འདི་ཕྱི་གང་དུ་གཞལ་མེད་རིན་ཐང་གིས་ཕྱུག་ཡོད།།

རྟག་འཛིན་བློ་ཡིས་ཚེ་ལོ་བཞི་བཅུ་རུ་མ་ངེས།།

བློ་སྦྱང་བསམ་པས་ནམ་འཆི་ངེས་མེད་དུ་མ་རྟོགས།།

ཚེ་སྲོག་རྒྱུད་སྐུད་ཕྲ་མོ་འཆི་བདག་གིས་བཅད་པས།།

ལུས་སེམས་དོར་ཏེ་ཕྱི་མའི་རྒྱལ་ས་ལ་ཆས་སོང་།།

རྩོམ་ཁུངས། ༢༠༠༦ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་རྒྱུད་སྐུད།

2010-04-04 དེབ་བསང་འཇིགས་མེད། ཀློག་གྲངས། མཆན ཡོད།

ལྷ་ཆེན་ཚངས་པ་དཀར་པོའི་མངའ་ཐང་ལ་མ་ཆགས།།

ཀླུ་རྒྱལ་དུང་སྐྱོང་དཀར་མོའི་གཙུག་ནོར་ལ་མ་ཆགས།།

རིན་ཐང་མེད་པ་འཇིག་རྟེན་འགྲོ་བ་མིའི་ལོངས་སྤྱོད།།

ཞིབ་ཏུ་བསམ་ཚེ་དེ་ལས་ཆགས་དོན་རང་མི་འདུག།

མིང་སྟོང་དབྱར་རྔ་ལྡིར་བའི་མཚན་སྙན་ལ་མི་ཆགས།།

མཁས་རློམ་འཁྲུལ་སྣང་ཅན་གྱི་དགའ་བདེ་ལ་མི་ཆགས།།

བཅུ་དྲུག་ན་ཆུང་མཛེས་མའི་བསླུ་བྲིད་ལ་མི་ཆགས།།

རང་ལ་མི་ཕན་ཕྱི་མའི་བུ་ལོན་འདིས་ཅི་བྱེད།།

དཀར་ནག་ལས་ཀྱི་ཤན་འགྱེད་གཤིན་རྗེ་ཡི་རྒྱལ་བོས།།

རྐང་གླིང་དམར་པོས་འཆི་བའི་སྐད་བརྡ་དེ་གཏོང་དུས།།

མཐོ་དམན་དབུལ་ཕྱུག་གང་ཡིན་ཉམ་ཐག་གི་འགྲོ་བ།།

རང་རང་ལས་ཀྱི་མ་བུའི་ཉིང་མཚམས་རེ་སྦྱར་དགོས།།

འཇིགས་རུང་ཁྲོ་གཉེར་ཅན་གྱི་གཤིན་རྗེ་ཡི་སྐུ་ངོ་།།

རིན་ཆེན་ནོར་ལ་སྲེད་པ་ཅུང་ཟད་ཀྱང་མི་མངའ།།

གསེར་སྦྱང་བཙོ་མའི་རང་བཞིན་རྣམ་དག་གི་ལྷ་ཆོས།།

འདི་ཕྱི་གང་དུ་གཞལ་མེད་རིན་ཐང་གིས་ཕྱུག་ཡོད།།

རྟག་འཛིན་བློ་ཡིས་ཚེ་ལོ་བཞི་བཅུ་རུ་མ་ངེས།།

བློ་སྦྱང་བསམ་པས་ནམ་འཆི་ངེས་མེད་དུ་མ་རྟོགས།།

ཚེ་སྲོག་རྒྱུད་སྐུད་ཕྲ་མོ་འཆི་བདག་གིས་བཅད་པས།།

ལུས་སེམས་དོར་ཏེ་ཕྱི་མའི་རྒྱལ་ས་ལ་ཆས་སོང་།།

རྩོམ་ཁུངས། ༢༠༠༦ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།