རྒས་པའི་གོ་རིམ།

རྨོག་རུ་ཤེས་རབ་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-02

བདག་གིས་འཁྲུལ་སྣང་ལས་ཅི་ཞིག་བོར་བའི་མཚན་མོ་ དེར

ཁྱོད་རང་ཁུ་སིམ་མེར་ཐག་རིང་རྒྱང་དུ་ཕྱིན

འོན་ཀྱང   ཁྱོད་ཀྱི་གཤིས་ཀ་ལྷུན་ཆགས་དེས

བདག་གི་བྲང་གཞོང་ཧྲིལ་བོར་ཚེར་མའི་ས་བོན་བཏབ

 

ལས་དབང་གི་ཀུ་རེ་ཐེངས་ཤིག་གི་རྗེས་སུ

རྟོག་བཏགས་ཀྱི་རྨི་ལམ་དང་ཡིད་བརྙན་རེ་རེ

བསམ་གཞིགས་ཀྱི་གས་སྲུབས་སུ་སྐྱོ་ངལ་གྱིས་འབུས

བདག་གིས་གོ་རིམ་མེད་པར་རླུང་གི་རྒྱུ་ཚུལ་མྱང་དུས

གློ་བུར་གློ་བུར་དུ   ཁྱོད་ཀྱི་བར་སྣང་གི་སྤྲིན་པར་བལྟ་དགོས་བྱུང

 

ཉི་མ་ཤར་ནས་འཕགས་ཤིང་སླར་ཡང་ནུབ་ལ་བཞུད

ཟླ་བའང་ཤར་ནས་འཚེར་ཞིང་སླར་ཡང་ནུབ་ཏུ་གཟིམ

 

ལྗོན་ཤིང་གི་ཡལ་ག་ལས་འདབ་ལོ་མྱ་ངན་གྱིས་འཕུར་དུས

སྟོང་འདང་གྲངས་མེད་ཀྱི་ན་ཟུག

བདག་གི་ཤ་རུས་ཀྱི་གཏིང་ལ་རིམ་གྱིས་འབྱོར་ཞིང

རྒས་ཉམས་ཤིག་ཀྱང་བདག་གི་ལང་ཚོ་ལས་ག་ལེར་ག་ལེར་མངོན

༢༠༠༡ལོའི་ཟླ༡༠པའི་ཚེས༢

 

རྩོམ་ཁུངས། ཁྱོད་རང་ཀློག་པར་སྤྲོ་བའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒས་པའི་གོ་རིམ།

2010-04-02 རྨོག་རུ་ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

བདག་གིས་འཁྲུལ་སྣང་ལས་ཅི་ཞིག་བོར་བའི་མཚན་མོ་ དེར

ཁྱོད་རང་ཁུ་སིམ་མེར་ཐག་རིང་རྒྱང་དུ་ཕྱིན

འོན་ཀྱང   ཁྱོད་ཀྱི་གཤིས་ཀ་ལྷུན་ཆགས་དེས

བདག་གི་བྲང་གཞོང་ཧྲིལ་བོར་ཚེར་མའི་ས་བོན་བཏབ

 

ལས་དབང་གི་ཀུ་རེ་ཐེངས་ཤིག་གི་རྗེས་སུ

རྟོག་བཏགས་ཀྱི་རྨི་ལམ་དང་ཡིད་བརྙན་རེ་རེ

བསམ་གཞིགས་ཀྱི་གས་སྲུབས་སུ་སྐྱོ་ངལ་གྱིས་འབུས

བདག་གིས་གོ་རིམ་མེད་པར་རླུང་གི་རྒྱུ་ཚུལ་མྱང་དུས

གློ་བུར་གློ་བུར་དུ   ཁྱོད་ཀྱི་བར་སྣང་གི་སྤྲིན་པར་བལྟ་དགོས་བྱུང

 

ཉི་མ་ཤར་ནས་འཕགས་ཤིང་སླར་ཡང་ནུབ་ལ་བཞུད

ཟླ་བའང་ཤར་ནས་འཚེར་ཞིང་སླར་ཡང་ནུབ་ཏུ་གཟིམ

 

ལྗོན་ཤིང་གི་ཡལ་ག་ལས་འདབ་ལོ་མྱ་ངན་གྱིས་འཕུར་དུས

སྟོང་འདང་གྲངས་མེད་ཀྱི་ན་ཟུག

བདག་གི་ཤ་རུས་ཀྱི་གཏིང་ལ་རིམ་གྱིས་འབྱོར་ཞིང

རྒས་ཉམས་ཤིག་ཀྱང་བདག་གི་ལང་ཚོ་ལས་ག་ལེར་ག་ལེར་མངོན

༢༠༠༡ལོའི་ཟླ༡༠པའི་ཚེས༢

 

རྩོམ་ཁུངས། ཁྱོད་རང་ཀློག་པར་སྤྲོ་བའི་སྙན་ངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།