ང་ཡི་གངས་དགའ་རིག་གྲོལ།

ཨ་ཕས་བླང་བའི་གླུ།

རི་མཐོན་པོ་ཞིག་གི་རྩེ་ནས་རྒྱང་བལྟ་བྱེད་དོན

ཐང་ཡངས་ས་ཞིག་གི་ཕྱོགས་སུ་ཕྱི་མིག་འཁྲེང་དོན

ལུ་གུའི་འབའ་སྒྲ་ཐོས་ན་སྙིང་ཉེ་དོན 

འབྲི་མོའི་ངུར་སྒྲ་ཐོས་དུས་སེམས་ན་དོན

ཨ་ཕའི་བུ་ལོ་ཁྱོད་རྒྱང་རིང་ན་ཡོད་པས་ལོས་ཡིན

ཞིང་གྲོང་གི་ཐོ་རེངས་ལ་ཐོས་པའི་བྱ་ཕོའི་གསུང་སྐད

སྒོ་ཁྱིས་དཀྲོག་པའི་རྩྭ་ཐང་གི་ཞོགས་པ་རེ་རེ་དང་འདྲ་བར

ངས་ཁྱོད་ཀྱིས་གཉིད་གོང་ནས་ཨ་ཕ་འབོད་པའི་ཉམས་སྣང་དེ་དྲན་བྱུང

ངས་ཁྱོད་ཀྱིས་གཉིང་གོང་ནས་ཨ་མར་འཐམ་པའི་བདེ་སྣང་དེ་དྲན་བྱུང

ད་ལྟ  ཨ་ཕས་རི་ཆུས་བཅད་པའི་མཐོང་ལམ་གྱི་སྣེ་མོ་ནས

བུ་ལོ་ཁྱོད་དགའ་དུས་ཀྱི་དགོད་སྒྲ་དང་སྡུག་དུས་ཀྱི་ངུ་སྐད་ཐོས་ཡོང

རིག་རིག་གི་མིག་ཟུང་ཆེ་ཆེར་ཕྱེས་ནས་ཨ་ཕ་འཚོལ་བ་མཐོང་ཡོང

ལྡེམ་ལྡེམ་གྱི་ལག་ཟུང་མྱུར་མྱུར་སྲིང་ནས་ཨ་མ་འབོད་པ་ཐོས་ཡོ

 ཇི་ལྟར་ངུས་ཀྱང་མིག་ཆུ་མེད་པའི་ལོ་ཟླ་འདིའི་ནང་དུ

 ཁྱོད་ཀྱི་ཕ་མ་གཉིས་ཀ་ནམ་ཡང་ཐག་རིང་ལ་འགྲོ་དགོས

 བྱིས་སྒྲུང་ཁྱུ་ཞིག་གི་རྫི་བོར་འགྲོ་དགོས 

 ཁྱོད་དང་ཁྱོད་ཀྱི་མ་འོངས་པ་བསམ་ཞིང་དྲན་ནས

 ཁྱོད་ཀྱི་ཨ་ཅེ་དང་ཕུ་བོ་དག་གི་མ་འོངས་པ་སྲུང་དུ་འགྲོ་དགོས

ཨ་མས་བླང་བའི་གླུ།

ཞག་གསུམ་གྱི་རྨི་ལམ་ཁྲོད་ནས་ཁྱོད་རང་བྲང་ལ་སྦྱོར་དོན

ཉིན་གསུམ་གྱི་སྟོང་འདང་ཁྲོད་ནས་ཁྱོད་ལ་འོ་ཞིག་བྱེད་དོན

ཉིན་མཚན་དུས་དྲུག་ཏུ  ཁྱོད་རང་དེ་འདྲའི་པྲ་ཚགས་ཀྱིས

ཨ་ཕའི་བྱམས་བརྩེའི་ཁུགས་ནས་རྩེད་འཇོར་རོལ་ལ

ཨ་མའི་འཁྲེང་ཞེན་དབུས་ནས་དགའ་དགོད་རྩེན་པས་ལོས་ཡིན

རྨི་ལམ་དུ

ཁྱོད་ཀྱིས་སྐད་གདངས་གཉོམ་པོས་ཨ་མ་འབོད་སྟངས་དེ

མེ་ཏོག་ག་ལེར་བཞད་པའི་སྒྲ་དབྱངས་ལས་སྙན་འདུ

ཁྱོད་རང་ལྷུག་ལྷུག་དགོད་པའི་འཛུམ་ཆུང་དེ

འཆར་ཀའི་ཉི་གཞོན་ལས་ཀྱང་མཛེས་འདུག

 ད་དུང   ལུ་གུ་ཆུང་ཆུང་དང་བེའུ་ཐོད་དཀར་གཉིས་ཀྱི་གམ་དུ

ཁྱོད་རང་ཇི་འདྲའི་སྙིང་དུ་སྡུག་ཨང

ཁྱོད་ཀྱིས་ཀྱང་ཉིན་དཀར་གྱི་ཡོལ་བ་དམ་པོར་རྒྱབ་ཏེ

ཞེ་དུང་དུང་གིས་མཚན་མོའི་སྒོ་ཆེན་ཕྱེས་ནས                                                                                                  

གོམ་ཁ་ཡང་མོས་རང་ཁྱིམ་གྱི་ཕྱོགས་སུ་ཡོང་གིན་ཡོད་དམ

རྒྱབ་རི་ལྟ་བུའི་ཨ་ཕ་སྙེགས་བཞིན་ཡོང་གིན་ཡོད་དམ

བྱམས་བརྩེས་གཏམས་པའི་ཨ་མ་བཙལ་ནས་ཡོང་གིན་ཡོད་དམ

ང་ཡི་གངས་དགའ་རིག་གྲོལ

རྩོམ་ཁུངས། ༢༠༠༩ལོའི་འོད་འབར་དེབ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་གངས་དགའ་རིག་གྲོལ།

2010-03-29 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།