ཉའི་བཤད་པ།(ཞར་བཀོད་གཅིག)

རི་སྔོན་བླ་མ་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-13

ཉ་གཅིག་གིས་ཆུ་ནང་དུ་བདེ་ལྕག་འཁྱུག་པོས་གར་སྟབས་བསྒྱུར

ཉ་གཅིག་གིས་ཕྱོགས་བཞི་ལ་གཟབ་ཉན་དང་ལྐོག་ལྟ་བྱེད

ཉ་གཅིག་ཕྱིར་འོང་མེད་པའི་རྒྱང་རིང་གི་གནས་སུ་འཁྱར

ཉ་གཅིག་གིས་ཆུ་ལ་སྙན་འཇེབས་ལྡན་པའི་རོལ་མོ་དཀྲོལ

ཉ་གཅིག་གི་ཁ་ནང་དུ་ཉ་གཞན་ཞིག་གིས་འཕག་འཚག་རྒྱག

ཉ་གཅིག་ཆབ་རོམ་གྱི་སྦུབས་སུ་འདར་སིག་སིག་གིས་མངོན་ཞིང་ཡལ

ཉ་གཅིག་རླབས་ཀྱི་ཟེགས་མའི་ཡང་རྩེ་རུ་སྐད་ཅིག་སྐད་ཅིག་ལ་རྩེན

ཉ་གཅིག་བློ་སེམས་བདེ་མོས་ཝུ་བ་དཀར་པོའི་ཁྲོད་དུ་འཆམ་འཆམ་ལ་འགྲོ

ཉ་གཅིག་གི་ཁོག་པར་རིན་ཆེན་གསེར་གྱིས་བྱུར་བར་གཏམས

ཉ་གཅིག་གིས་རྒྱ་མཚོ་ཆེན་པོའི་ངོས་དག་ལ་འཐབ་རེས་རྒྱག

ཉ་གཅིག་སྐྱེ་དངོས་དང་སྐྱེ་དངོས  སྐྱེ་དངོས་དང་ཆུ

ཆུ་དང་འདམ་མྱགས་ཀྱི་བར་དུ་འཚོ་ཞིང་གནས

 

    ཁྱོད་ཕྱོགས་སུ།

ཁྱོད་ཕྱོགས་སུ་དུར་ཕུང་ཞིག་ཡོད་དམ

རྩྭ་འཇག་མ་དང་ས་རྡུལ་གྱིས་གཡོགས་པའི་དུར་ཕུང་ཞིག་ཡོད་དམ

དུར་ཕུང་དེའི་ཕྱི་རོལ་ནི་རྒྱ་ཆེ་བའི་མྱ་ངམ་ཐང་ཞིག་ཡིན་ནམ

དུར་ཕུང་དེའི་ནང་དུ་གཤིན་པོ་སུ་ཞིག་སྐུང་ནས་ཡོད་དམ

གཤིན་པོ་དེའི་རྣམ་ཤེས་ནི་འཕུར་མི་ཤེས་པའི་འདབ་ཆགས་ཤིག་ཡིན་ནམ

 

ཁྱོད་ཕྱོགས་སུ་གཙང་ཆུ་ཞིག་ཡོད་དམ

གཙང་ཆུ་དེའི་སྟེང་དུ་ཟམ་པ་ཞིག་དཔྱངས་ནས་ཡོད་དམ

ཟམ་པ་དེ་ནི་དུས་ཚོད་ཀྱི་ཐག་པའི་སྣེ་མོ་ཞིག་ལ་བཏགས་ཡོད་དམ

ཟམ་པ་དེ་མངོན་སུམ་དང་རྨི་ལམ་གང་ཞིག་ལ་ཁ་ཐག་རིང་བ་ཡིན་ནམ

ཟམ་པ་དེའི་མཐའ་འཁོར་གྱི་གྲོག་ཤུར་རེ་རེ་ན་བུན་སྟུག་པོ་ཞིག་གི་ནང་དུ་བྱིངས་ནས་ཡོད་དམ

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉའི་བཤད་པ།(ཞར་བཀོད་གཅིག)

2010-03-13 རི་སྔོན་བླ་མ་ཐར། ཀློག་གྲངས། མཆན ཡོད།

ཉ་གཅིག་གིས་ཆུ་ནང་དུ་བདེ་ལྕག་འཁྱུག་པོས་གར་སྟབས་བསྒྱུར

ཉ་གཅིག་གིས་ཕྱོགས་བཞི་ལ་གཟབ་ཉན་དང་ལྐོག་ལྟ་བྱེད

ཉ་གཅིག་ཕྱིར་འོང་མེད་པའི་རྒྱང་རིང་གི་གནས་སུ་འཁྱར

ཉ་གཅིག་གིས་ཆུ་ལ་སྙན་འཇེབས་ལྡན་པའི་རོལ་མོ་དཀྲོལ

ཉ་གཅིག་གི་ཁ་ནང་དུ་ཉ་གཞན་ཞིག་གིས་འཕག་འཚག་རྒྱག

ཉ་གཅིག་ཆབ་རོམ་གྱི་སྦུབས་སུ་འདར་སིག་སིག་གིས་མངོན་ཞིང་ཡལ

ཉ་གཅིག་རླབས་ཀྱི་ཟེགས་མའི་ཡང་རྩེ་རུ་སྐད་ཅིག་སྐད་ཅིག་ལ་རྩེན

ཉ་གཅིག་བློ་སེམས་བདེ་མོས་ཝུ་བ་དཀར་པོའི་ཁྲོད་དུ་འཆམ་འཆམ་ལ་འགྲོ

ཉ་གཅིག་གི་ཁོག་པར་རིན་ཆེན་གསེར་གྱིས་བྱུར་བར་གཏམས

ཉ་གཅིག་གིས་རྒྱ་མཚོ་ཆེན་པོའི་ངོས་དག་ལ་འཐབ་རེས་རྒྱག

ཉ་གཅིག་སྐྱེ་དངོས་དང་སྐྱེ་དངོས  སྐྱེ་དངོས་དང་ཆུ

ཆུ་དང་འདམ་མྱགས་ཀྱི་བར་དུ་འཚོ་ཞིང་གནས

 

    ཁྱོད་ཕྱོགས་སུ།

ཁྱོད་ཕྱོགས་སུ་དུར་ཕུང་ཞིག་ཡོད་དམ

རྩྭ་འཇག་མ་དང་ས་རྡུལ་གྱིས་གཡོགས་པའི་དུར་ཕུང་ཞིག་ཡོད་དམ

དུར་ཕུང་དེའི་ཕྱི་རོལ་ནི་རྒྱ་ཆེ་བའི་མྱ་ངམ་ཐང་ཞིག་ཡིན་ནམ

དུར་ཕུང་དེའི་ནང་དུ་གཤིན་པོ་སུ་ཞིག་སྐུང་ནས་ཡོད་དམ

གཤིན་པོ་དེའི་རྣམ་ཤེས་ནི་འཕུར་མི་ཤེས་པའི་འདབ་ཆགས་ཤིག་ཡིན་ནམ

 

ཁྱོད་ཕྱོགས་སུ་གཙང་ཆུ་ཞིག་ཡོད་དམ

གཙང་ཆུ་དེའི་སྟེང་དུ་ཟམ་པ་ཞིག་དཔྱངས་ནས་ཡོད་དམ

ཟམ་པ་དེ་ནི་དུས་ཚོད་ཀྱི་ཐག་པའི་སྣེ་མོ་ཞིག་ལ་བཏགས་ཡོད་དམ

ཟམ་པ་དེ་མངོན་སུམ་དང་རྨི་ལམ་གང་ཞིག་ལ་ཁ་ཐག་རིང་བ་ཡིན་ནམ

ཟམ་པ་དེའི་མཐའ་འཁོར་གྱི་གྲོག་ཤུར་རེ་རེ་ན་བུན་སྟུག་པོ་ཞིག་གི་ནང་དུ་བྱིངས་ནས་ཡོད་དམ

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།