སྙན་ངག་རིང་མོ། དབུས་ལ་སོང་བའི་སྒྲུང་།༦
ལྔ་བ ཕྱིར་ལོག་པ
དོན་ངོ་མར ངེད་ཅག
དགུན་འཁྱག་གི་སྨག་རུམ་ཁྲོད་ནས
རང་ཁྱིམ་ལ་ལོག་པ་དང་འདྲ་བར
ཕར་འགྲོ་ས་ཞིག་དང་ཚུར་ལོག་ས་ཞིག་གང་ན་ཡོད
དོན་ངོ་མར ངེད་ཅག
སེམས་ཀྱི་དུར་ཁྲོད་ཆེན་པོ་ནས་ཉུལ་ཉུལ་ཏེ
སྐྱོ་སྡུག་གི་མཆི་མས
རང་ཉིད་སྦངས་ཚར་དུས
ཕར་སོང་བ་ཡིན་ལ
ཚུར་ལོག་པའང་མིན་ནམ
ལྷག་པར་ཏུ ང་རང་ལ་མཚོན་ན
ལོ་རྒྱུས་ཀྱི་ཆག་རོ་ལྟ་བུའི
ཐ་སྙད་སྐོར་ཞིག་གིས་བྲང་ཁ་ལྗིད་ཏིག་གེར་མནན་དུས
ཤི་རོ་ལྟ་བུའི ས་སྟོང་འདི་ནས
ཕར་མི་འགྲོ་ཀ་མེད་ཡིན་ལ
ཡང འདང་ཞིག་བཤད་ན
ཨ་མའི་མིག་ཆུ་ལྟ་བུའི་སྡུག་བསྔལ་འདིའི་ནང་ལ
མི་ལོག་གང་དུ་ལོག་ཨང
ཀྱེ ཀྱེ ཀྱེ ཀྱེ ཀྱེ
རྩོམ་ཁུངས། ངེད་དྲ་བ།