ཞེད་སྣང༌།

ཁྱོད་ཀྱི་རྩྭ་ཐང་གིས་ཡང་ཡང་བསླུ་བྲིད་བཏང་བས
སེམས་ཀྱི་འཁྱགས་རོམ་ག་ལེར་ཞུ་ནས་དབྱར་གཞུང་ལ་འདྲེས
བཞུད་ལམ་ཧྲིལ་པོ་སྦྲང་ཆར་དང་རོལ་དབྱངས་ཀྱིས་གཤེར
ཞེད་སྣང་ཐབས་མེད་པར་ཡང་བསྐྱར་ལྷོག་ལྷོག་ཏུ་འཕྱུར་བྱུང
དེ་ནི་ཚད་མེད་པའི་མནར་གཅོད་དྲག་པོ་ཞིག་རེད

ཡུན་རིང་ལ་གྱེས་པའི་རྩྭ་ཐང་ཁྱོད་ཀྱི་རུམ་ཁོང་ནས
ཞེད་སྣང་དུ་ཚུད་པའི་བདག་གི་སྐྲ་ལོས་རང་དབང་ཐེབས་ཅིག་རྙེད
རི་སྤྱང་ལ་གཏད་པའི་ཞི་དྲག་གི་མདའ་མོའི་གདུག་རྩུབ་བརྗེད་དེ
བདག་གི་ལུས་སེམས་དང་བདག་གི་བརྩེ་བ་ཡོད་ཚད་ཁྱོད་ལ་ཐིམ

ཉིན་དེར   ང་རང་ཁྱོད་ཀྱི་འཇམ་ཤ་དང་ཁྱོད་ཀྱི་བརྩེ་བར་གླན་ནས
ཡུན་རིང་བོར་ངེས
ཁྲེལ་མེད་པའི་སྐྱེས་པ་ཞིག་གི་རྒྱབ་འགལ་ཐེབས་པ་ལྟར
ཡུན་རིང་བོར་བསྲན་པའི་སེམས་པ་རྨང་ནས་བཞུར
བདག་གི་རྣམ་ཤེས་དང་བརྩེ་གདུང་བཅོམ་མཁན་ཁྱོད
བདག་གི་བླ་སྲོག་དང་རང་ཚུགས་གཏོར་མཁན་ཁྱོད

ཟོག་ལྟས་ན་འོ་མ་ཤག་ཤག་བཞོ་བའི་བུ་མོ་དེ་ཅིའི་ཕྱིར་ང་མིན་སོང
སྦྲ་ནག་ཏུ་ཟོལ་མེད་འཛུམ་གྱིས་བསུ་བའི་བུ་མོ་དེ་ཅིའི་ཕྱིར་ང་མིན་སོང
འཚོལ་སྙེག་གི་གོ་རིམ་ཁྲོད་སན་ཅི་འདྲའི་མང་པོ་ཞིག་ཤོར་སོང་ཨང
ངས་ད་དུང་རང་ཉིད་ཀྱི་ཕྱི་ཤུན་དཔེ་གསར་གྱི་གྱོན་ཆས་ལ་བརྗེས་ཏེ
ཅི་ཞིག་ཐོབ་ཡོད་པའི་ཁེངས་ཉམས་ངང་ཡིན་མདོག་བསྟན་ནས་འགྲོ

བདག་གི་སྙིང་ཉེ་བའི་སེམས་ཀྱི་དྲན་ཤིང་ལྕི་མོ
ཁྱོད་ཀྱི་དྭངས་གཙང་དང་ང་ཡི་ཚེ་སྲོག་རྒུད་ཀྱིན་འདུག
ཁྱོད་ཀྱི་ལང་ཚོ་དང་ང་ཡི་ལས་དབང་རྒུད་ཀྱིན་འདུག
ཞེད་སྣང་དང་བསྡོངས་པའི་དུངས་ཞེན་ཟབ་མོ་འདི
བདག་གི་སེམས་གཏིང་ནས་ཚེར་མ་བཞིན་འཕྱུར་འོང

དོ་དགོང   བདག་ལ་སྨྲ་བརྗོད་དང་དགོད་སྒྲ་མེད་པར་གྱུར
དོ་དགོང  བདག་གི་སེམས་ཚེགས་དང་གདུང་བ་ལྷག་ཏུ་ལྕི
དོ་དགོང   བདག་གི་ཞེད་སྣང་དང་དུངས་ཞེན་ཇེ་ཟབ་རེད

ང་ལ་སེམས་གསོ་མ་བྱེད་ཅིག
ང་སྔར་ནས་ཆུ་ཐིགས་བཞིན་ཁྱོད་ལ་ཐིམ་སྟེ་སྐམ་སོང
ང་ལ་བསླུ་བྲིད་མ་གཏོང་ཞིག
ང་སྔར་ནས་ཕྱེ་ལེབ་བཞིན་ཁྱོད་ལ་འབྱར་ཏེ་ཤི་ཟིན
ཁྱོད་ཀྱི་ཁ་ཞེང་ཡངས་པོ་དང་ཁྱོད་ཀྱི་བརྩེ་བ་ཟམ་མོས
ངའི་སེམས་པ་དང་ཤ་ཁྲག་རུས་རྐང་མར་ལོ་བཞིན་བཞུས་ཚར

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག་དེབ༤་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞེད་སྣང༌།

2010-01-27 དཔལ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།