ཕོ་བྲང་པོ་ཏ་ལ།

སུའི་མིད་པ་ན་ལུས་གསེར་གྱི་སྒྲོག་གུ་དེ་ཁྱོད་ཡིན་ནམ

འོ་ན་ངའི་མིད་པ་བརྣངས་དོན་ཅི

ངག་མི་འཁྲོལ་བའི་ང     དཀྱིལ་ཀྲུང་དུ་སྡོད་པའི་ང

སེམས་སུ་འབབ་ཀྱིན་པ་བདུད་རྩི་ཡིན་མི་སྲིད་ན་ཡང

བརྩེ་དུངས་ཀྱི་དཀྱིལ་འཁོར་དུ་མིག་ཟུང་ཧྲིག་གེར

ནམ་ཡང་ཉི་ཟེར་བསྒོམས་མྱོང་བ་དྲན་པར་གྱིས་ཨང

ས་སྲོད་ཀྱི་ཉི་ཟེར་ངོགས་སུ

དྲ་མིག་རེ་རེར་ལྷིང་འཇགས་ཤིག་ངང་གིས་འཁྱིལ་བའི་ནང་རོལ་ཏུ

མེས་པོ་དག་ལྷ་དང་མཉམ་དུ་བཞུགས་ལ

སྐུ་གདུང་དང་རིང་བསྲེལ   དྲོད་མ་ཡལ་བའི་ཟ་འོག་གི་བཞུགས་ཁྲི

ད་དུང་བཅིལ་མྱོང་བའི་མར་མེ་ཚེ་འབར

ཡོད་ཚད་ལ་སྐད་རིགས་སྣ་ཚོགས་པའི་ཁ་རླངས་ཕོག་འདུག་ཨང

ང་ཐག་རིང་ནས་འོངས་ཤིང་ཁྱོད་ཀྱི་སྙིང་ཁ་ནས་ཆས

ལོག་ཡོང་དུས

ཡར་ཀླུང་གི་མོ་ཕོ་དཔུང་རྗེན་དག་ནམ་མཁའི་དབྱིངས་སུ་ཡལ་ཚར

ཁྲབ་རྨོག་འཁོར་གསུམ་ཡང་གླེགས་བམ་གྱི་གསེབ་ལ་བཅུག་ཟིན

ལོག་ཡོང་དུས

དབྱངས་གསལ་སོ་བཞི་ལ་ང་རོ་གཞན་ཞིག་འཁོར་འདུག་ཅིང

དུས་ཚོད་ཀྱི་ཕྲག་པར་སྐྱོ་གདུང་གཞན་ཞིག་བབས་འདུག

ལོག་ཡོང་དུས   ངའི་བཞིན་རས་ཀྱང་འགྱུར་གྱིན་གདའ་ཨང

ཁྱོད་ནི་རྡོ་ལ་བྲིས་པའི་ལོ་རྒྱུས་ཀྱི་མིག་ཆུ་རྡོག་གཅིག་སྟེ

ངའི་ན་ཟུག་གི་གཞུང་ལ་བཏབ་པའི་མེ་བཙའ་དཀར་པོ

ད་ལྟ་ཉིད་ལ   ས་ནག་བྱེ་སྒང་དུ་འགྱུར་པའི་རི་ལུང་སྤང་ཐང

འདས་པོའི་ཁྲག་རྩ་བཞིན་སྐམ་གྱིན་པའི་ཆུ་དང་གཙང་པོ

ཐོལ་གྱིས་འགྱེལ་བའི་ལྗོན་ཤིང

གཞིས་ཁྱིམ་ཤོར་བའི་སྲོག་ཐོགས

ཉིན་རེ་ལས་ཉིན་རེར་ཆ་མེད་དུ་འགྱུར་བའི་ལྕེ་དང་སེམས་པ

འདི་དག་ངའི་ཁྲག་གི་ཀློང་དུ་འཕྱོ་ཞིང་རུས་པའི་གསེང་ན་གཟིར་ཨང

མི་སྨྲ་བའི་གངས་རིའང་ཞི་བཞིན་གདའ

མི་སྨྲ་བའི་ཁྱོད་ཀྲོང་ངེར་འགྲེང་བ

ཡོད་མྱོང་བའི་མཚར་སྡུག་གི་དན་རྟགས་ཙམ་ཡང་མ་ཡིན་ཏེ

ངའི་གླུ་ངག་ལ་འབྱར་བའི་སྐྱོ་གདུང་གི་སྦུབས་སུ

བློ་གཤོགས་ཀྱི་རི་མོ་བྲག་ལ་རྩིག་པའི་བུ་རབས་དང་ཚ་རྒྱུད

འཛུམ་གྱི་ལེའི་དམར་སྨུག་གི་ངོ་གདོང་དག་དཔུང་རྡང་སྦྲེལ་བ

ད་ནི་མི་འཇིག་པའི་བྲག་རིའི་མུ་ཁྱུད་དང

དེ་ནི་དོན་དམ་གྱི་ཕོ་བྲང་གི་ཤུགས་བསྟན་ཡིན་ཨང

ཧམ་སེམས་ཀྱི་ལག་པས་བདུངས་པའི

ལྕགས་ནག་གི་མདའ་མོ་ཞིག་གངས་རིའི་སྙིང་ལ་ཕོག་དུས

འཁྱག་སིབ་སིབ་ཀྱི་སྤྱི་ཟླ་བཅུ་བ་ཞིག་ལ

ངག་མི་འཁྲོལ་བའི་ང    ཆགས་སྡང་གི་ང

ཁྱོད་ཀྱི་ཁ་སྤྲོད་དུ་བསྡད་དེ་བརྩེ་དུངས་ཀྱིས་ངུས་པར་བཟོད་གསོལ་ཞུ་ཨང

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕོ་བྲང་པོ་ཏ་ལ།

2010-01-11 འབར་རྡེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།