ཉ་མོ།
སྔོ་ལྟེམ་མེར་འཁྱིལ་བའི་བདག་གི་མཚན་མོ་ན
ཝུ་བ་ལས་འཁྲུངས་པའི་ཉ་མོ་རྡོ་ལ་འཁྱུག་ཅིང
ཉི་མ་མང་པོར སྐོམ་པས་གྲམ་གཞུང་གདུང་ངམ་སྙམ
མཐོང་དཀོན་པའི་རྒྱན་ཆ་ཞིག་དལ་གྱིས་འགུལ
སླ་ངའི་ཁ་ལེབ་ངོས་སུ
སྨུག་པ་བན་བུན་གཡོ
ང་མདུན་དུ་སོང་ཡང
རླུང་བུ་ང་ལས་མགྱོགས་པོར་མདུན་ལ་ཤོར
ཤོག་བུ་ལེབ་མོ་འདི་དག
སུ་ཞིག་ཐག་རིང་དུ་བགྲོད་པའི་གྲུ་གཟིངས་ཡིན་ནམ
གོམ་པས་ངེས་མེད་དུ་འཁུར་ནས་ལམ་དུ་འགྲོ་དུས་ཀྱང
ངས བསྐལ་བའི་སྔ་རོལ་གྱི་རྫ་ཁོག་ཅིག་རྙེད་ཅིང
མངོན་ཆུང་གིས་ནང་དུ་བལྟ་དུས
རང་ཉིད ལུས་སེམས་རྫས་གཅིག་ཏུ་གྱུར་ནས
ཉ་མོ་བཞིན་འཁྱུག་རྩེད་བྱེད་ཀྱིན་འདུག་པ་ཚོར
རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག