ཅིའི་ཕྱིར།

ཁྱོད་ཀྱིས་བསམས་ན་འཇིག་རྟེན་འདིར།  ང་ལ་ཅི་ཡང་ཐོབ་མེད།

ངས་རང་ཉིད་ཀྱི་བསམ་བློ་བདག་འཛིན་ཐུབ་ཡོད།

ངས་རང་ཉིད་ཀྱི་བླ་སྲོག་ལ་ཚ་འདྲི་ཡང་ཡང་བྱས་རྗེས།

འཇིག་རྟེན་འདིར།  ང་ནི་ཕྱུག་པོ་ཡིན་པའི་ངེས་ཤེས་འདྲོངས།

 

ངས་ཅིའི་ཕྱིར་མགོ་འཕངས་དགུང་ལ་བཏེགས་ཏེ་སྣང་བ་གླུ་རུ་གྱེར་མི་ཆོག

ངས་ཅིའི་ཕྱིར་བྲན་མོའི་གཤིས་ཀ་དོར་ཏེ་རང་དབང་གི་ཉི་འོད་སྙེག་མི་ཆོག

ང་ལའང་དྲག་ཏུ་ལྡིང་བའི་སྙིང་ཡོད།

སྟོབས་ཀྱིས་རྒྱུ་བའི་ཁྲག་ཡོད།

ཅིའི་ཕྱིར།  

ངའི་བརྗོད་འདོད་ཀྱི་སྨྲ་བ་འགག་དགོས།

ངའི་བསམ་གཞིག་གི་སྒོ་མོ་གཏན་དགོས།

ངའི་སྤོབས་སེམས་ཀྱི་རྩེ་མོ་གཏུབ་དགོས།

 

འཇིག་རྟེན་འདི་ཐུན་མོང་གིས་བསྐྲུན་པ་ཡིན།

ཐུན་མོང་གི་འཇིག་རྟེན་འདི་རུ།

ཟླ་བའི་འཁོར་འདབས་ཁྲི་འབུམ་སྐར་ཚོམ་གྱིས་བརྒྱན་ཅིང་།

པད་མའི་སྐྱེད་ཚལ་སྣ་བརྒྱ་མེ་ཏོག་གིས་མཛེས་ན།

ཁྱོད་དང་ང་ཡང་འཆམ་མཐུན་ཡིན་པ་བརྗེད་སོང་ངམ།

 

ཅིའི་ཕྱིར།  ང་དགའ་དུས་དགོད་མི་རུང་ལ་སྐྱོ་དུས་ངུ་མི་ཆོག

ཅིའི་ཕྱིར།  ངའི་ཆགས་སྡང་གི་ཚོར་ཤེས་དུར་འཇུག་བྱེད་དགོས།

ཅིའི་ཕྱིར། ངའི་ཕྱི་ནང་གི་ཉམས་འགྱུར་སྨག་ལ་སྟིམ་དགོས།

ཅིའི་ཕྱིར།  ངའི་རང་དབང་གི་འཚོལ་ལམ་ཁ་བས་གནོན་དགོས།

 

 

རྩོམ་ཁུངས། ༢༠༠༧ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅིའི་ཕྱིར།

2010-01-06 དཔལ་མོ། ཀློག་གྲངས། མཆན ཡོད།

ཁྱོད་ཀྱིས་བསམས་ན་འཇིག་རྟེན་འདིར།  ང་ལ་ཅི་ཡང་ཐོབ་མེད།

ངས་རང་ཉིད་ཀྱི་བསམ་བློ་བདག་འཛིན་ཐུབ་ཡོད།

ངས་རང་ཉིད་ཀྱི་བླ་སྲོག་ལ་ཚ་འདྲི་ཡང་ཡང་བྱས་རྗེས།

འཇིག་རྟེན་འདིར།  ང་ནི་ཕྱུག་པོ་ཡིན་པའི་ངེས་ཤེས་འདྲོངས།

 

ངས་ཅིའི་ཕྱིར་མགོ་འཕངས་དགུང་ལ་བཏེགས་ཏེ་སྣང་བ་གླུ་རུ་གྱེར་མི་ཆོག

ངས་ཅིའི་ཕྱིར་བྲན་མོའི་གཤིས་ཀ་དོར་ཏེ་རང་དབང་གི་ཉི་འོད་སྙེག་མི་ཆོག

ང་ལའང་དྲག་ཏུ་ལྡིང་བའི་སྙིང་ཡོད།

སྟོབས་ཀྱིས་རྒྱུ་བའི་ཁྲག་ཡོད།

ཅིའི་ཕྱིར།  

ངའི་བརྗོད་འདོད་ཀྱི་སྨྲ་བ་འགག་དགོས།

ངའི་བསམ་གཞིག་གི་སྒོ་མོ་གཏན་དགོས།

ངའི་སྤོབས་སེམས་ཀྱི་རྩེ་མོ་གཏུབ་དགོས།

 

འཇིག་རྟེན་འདི་ཐུན་མོང་གིས་བསྐྲུན་པ་ཡིན།

ཐུན་མོང་གི་འཇིག་རྟེན་འདི་རུ།

ཟླ་བའི་འཁོར་འདབས་ཁྲི་འབུམ་སྐར་ཚོམ་གྱིས་བརྒྱན་ཅིང་།

པད་མའི་སྐྱེད་ཚལ་སྣ་བརྒྱ་མེ་ཏོག་གིས་མཛེས་ན།

ཁྱོད་དང་ང་ཡང་འཆམ་མཐུན་ཡིན་པ་བརྗེད་སོང་ངམ།

 

ཅིའི་ཕྱིར།  ང་དགའ་དུས་དགོད་མི་རུང་ལ་སྐྱོ་དུས་ངུ་མི་ཆོག

ཅིའི་ཕྱིར།  ངའི་ཆགས་སྡང་གི་ཚོར་ཤེས་དུར་འཇུག་བྱེད་དགོས།

ཅིའི་ཕྱིར། ངའི་ཕྱི་ནང་གི་ཉམས་འགྱུར་སྨག་ལ་སྟིམ་དགོས།

ཅིའི་ཕྱིར།  ངའི་རང་དབང་གི་འཚོལ་ལམ་ཁ་བས་གནོན་དགོས།

 

 

རྩོམ་ཁུངས། ༢༠༠༧ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།