ད་ལོའི་སྙན་རྩོམ་དང་པོ་ནི་ཁ་བ་འབབ་ཐེངས་དང་པོ་ཡིན།

མཚན་མོར་ཁ་བ་བབས་རྗེས

ཕྱི་རོལ་གྱི་ཁོར་ཡུག་དལ་འཇགས་སེ་བྱས

ཞོགས་པའི་ཉི་འོད་འཕྲོས་པས

གློག་སྐུད་སྟེང་གི་ཁ་བ་འགའ་རང་ཚུགས་ཤོར་ཏེ་མར་ལྷུང་ཡང

ཡུལ་གྲུ་འདིར་དོན་རྐྱེན་ཅི་ཡང་མ་བྱུང་བའི་ཟོལ་གྱིས

ལྷིང་འཇགས་སེ་བྱས

ཐ་ན་རླུང་འཚུབ་སྐོར་ཞིག་གིས་གཤོག་རྡེབ་བྱེད་པའང་ཤི་གསང་བྱས

 

ཤེལ་སྒོའི་ནང་ནས་ཕྱི་རོལ་ལ་བལྟས་ན

ཁ་བ་རྣམས་ཀྱི་མདོག་འགྱུར་བ་མཐོང་ཐུབ

ཁ་བ་རྣམས་མཚན་མོར་ཇི་ལྟར་ལྐོག་ཏུ་བབས་རུང

ཁ་བའི་རྩ་དོན་དང་ངོ་བོ་ནག་པོར་འགྱུར་བ་མཐོང་ཐུབ

 

ང་རང་སེམས་ཚེགས་ངང་ཕྱི་རོལ་ལ་འགྲོ་དུས

ལྷམ་མགོར་འབྱར་ཡོང་བའི་ཁ་བ་ནག་པོས

བདག་གི་རྐང་བ་ནས་རིམ་གྱིས་སེམས་པ་འཁེང་འོང

 

ཕྱི་རོལ་ན་བྱིས་པ་མང་པོ་ཁངས་རྩེད་ལ་རོལ་བཞིན་ཡོད

ངའི་བྱིས་པ་ཚོར་ཁ་བ་བབས་པའི་དགའ་སྣང་མེད་ལ

ཁ་བས་རྩེད་ཆས་བཟོས་ཏེ་བདའ་རེས་བྱེད་པའང་མེད

ཁོ་ཚོར་ཁག་ཅི་ཡོད  ཁ་བ་འདིས་སེམས་ཀྱི་འོད་སྣང་འཕྲོག་ཚར

 

ངོ་བོ་དང་རྩ་དོན་འགྱུར་བའི་ཁ་བ་འབབ་ཐེངས་འདིས

ངའི་སེམས་ཀྱི་ན་གཟེར་འགོག་མེད་དུ་དཀྲུགས་ན་ཡང

ས་ཆེན་གྱི་རུམ་ལ་ཤོང་དཀའ་བའི་སྨྲ་བརྗོད་ལྕི་མོ་དག

སྙན་རྩོམ་ཐན་ཐུན་ལ་བཅོལ་ཏེ་ལྕགས་ཟྭ་རྒྱག་པ་ལས

རླུང་ལ་བསྐུར་ཞིང་མེ་རུ་བསྒྲོན་ག་ལ་རུང

 

དུས་ཚིགས་འཁྱག་པོ་འདིའི་ཁ་བ

མུ་མཐུད་དུ་ལྐོག་འཇབ་ངང་འབབ་ངེས་ཡིན་ནམ་སྙམ་ཞོར

མུན་ནག་གི་རང་ཚུགས་འཐོར་བའི་ཉིན་དེར་སྒུག

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ད་ལོའི་སྙན་རྩོམ་དང་པོ་ནི་ཁ་བ་འབབ་ཐེངས་དང་པོ་ཡིན།

2009-12-29 དཔལ་མོ། ཀློག་གྲངས། མཆན ཡོད།

མཚན་མོར་ཁ་བ་བབས་རྗེས

ཕྱི་རོལ་གྱི་ཁོར་ཡུག་དལ་འཇགས་སེ་བྱས

ཞོགས་པའི་ཉི་འོད་འཕྲོས་པས

གློག་སྐུད་སྟེང་གི་ཁ་བ་འགའ་རང་ཚུགས་ཤོར་ཏེ་མར་ལྷུང་ཡང

ཡུལ་གྲུ་འདིར་དོན་རྐྱེན་ཅི་ཡང་མ་བྱུང་བའི་ཟོལ་གྱིས

ལྷིང་འཇགས་སེ་བྱས

ཐ་ན་རླུང་འཚུབ་སྐོར་ཞིག་གིས་གཤོག་རྡེབ་བྱེད་པའང་ཤི་གསང་བྱས

 

ཤེལ་སྒོའི་ནང་ནས་ཕྱི་རོལ་ལ་བལྟས་ན

ཁ་བ་རྣམས་ཀྱི་མདོག་འགྱུར་བ་མཐོང་ཐུབ

ཁ་བ་རྣམས་མཚན་མོར་ཇི་ལྟར་ལྐོག་ཏུ་བབས་རུང

ཁ་བའི་རྩ་དོན་དང་ངོ་བོ་ནག་པོར་འགྱུར་བ་མཐོང་ཐུབ

 

ང་རང་སེམས་ཚེགས་ངང་ཕྱི་རོལ་ལ་འགྲོ་དུས

ལྷམ་མགོར་འབྱར་ཡོང་བའི་ཁ་བ་ནག་པོས

བདག་གི་རྐང་བ་ནས་རིམ་གྱིས་སེམས་པ་འཁེང་འོང

 

ཕྱི་རོལ་ན་བྱིས་པ་མང་པོ་ཁངས་རྩེད་ལ་རོལ་བཞིན་ཡོད

ངའི་བྱིས་པ་ཚོར་ཁ་བ་བབས་པའི་དགའ་སྣང་མེད་ལ

ཁ་བས་རྩེད་ཆས་བཟོས་ཏེ་བདའ་རེས་བྱེད་པའང་མེད

ཁོ་ཚོར་ཁག་ཅི་ཡོད  ཁ་བ་འདིས་སེམས་ཀྱི་འོད་སྣང་འཕྲོག་ཚར

 

ངོ་བོ་དང་རྩ་དོན་འགྱུར་བའི་ཁ་བ་འབབ་ཐེངས་འདིས

ངའི་སེམས་ཀྱི་ན་གཟེར་འགོག་མེད་དུ་དཀྲུགས་ན་ཡང

ས་ཆེན་གྱི་རུམ་ལ་ཤོང་དཀའ་བའི་སྨྲ་བརྗོད་ལྕི་མོ་དག

སྙན་རྩོམ་ཐན་ཐུན་ལ་བཅོལ་ཏེ་ལྕགས་ཟྭ་རྒྱག་པ་ལས

རླུང་ལ་བསྐུར་ཞིང་མེ་རུ་བསྒྲོན་ག་ལ་རུང

 

དུས་ཚིགས་འཁྱག་པོ་འདིའི་ཁ་བ

མུ་མཐུད་དུ་ལྐོག་འཇབ་ངང་འབབ་ངེས་ཡིན་ནམ་སྙམ་ཞོར

མུན་ནག་གི་རང་ཚུགས་འཐོར་བའི་ཉིན་དེར་སྒུག

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།