ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-23

བརྟན་བརླིང་གིས་འགྱིང་བའི་གངས་རིའི་རྔམ་བརྗིད་ལ་སེམས་པ་ཁེན་ནས

དྭངས་གཙང་གིས་འཁྱིལ་བའི་མཚོ་མོ་དེའི་རླངས་རྒྱུན་རྣམ་ཤེས་སུ་གྱོན་ནས

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད

 

རི་ཆུ་སྟོང་ཕྲག་གི་ངལ་དུབ་སེམས་པས་ཁུར་ནས

ལོ་ངོ་དུ་མའི་དྲན་ཤིང་དང་གདུང་བ་ཤོག་བྱང་ལ་ཕབ་བཞིན

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད

 

འཛུམ་མདངས་ཀྱིས་འཁྱིལ་བའི་ལྷུན་སྡུག་གི་གངས་རི

བདག་གིས་མྱང་མི་ཚར་བའི་ལྷ་སྒྲུང་གི་གསང་བ་ཡིན་ན

ལྗང་མདོག་གིས་སྨིན་པའི་རྩྭ་ཐང་ནེམ་མོ

བདག་གིས་རྨིས་མ་ཚར་བའི་ཁ་སང་གི་གཏམ་རྒྱུད་ཡིན

 

མེས་པོས་བཞག་པའི་གཏན་ཚུགས་ཀྱི་ཁ་ཆེམས་གསོན་པོ

ནུབ་དུ་མེད་པའི་དུས་གསུམ་གྱི་ཡིག་འབྲུ་ལ་རྐོ་བཞིན

ཨ་མས་གྱེར་བའི་དུངས་སེམས་ཀྱི་གཞས་ཆུང་སྙན་མོ

འཇགས་སུ་མེད་པའི་ནང་སེམས་ཀྱི་བདེན་པར་བརྒྱུས་ཏེ

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད

 

ལམ་ལམ་དུ་འཕྲོ་བའི་ཉི་ཟེར་གྱི་སྣང་བ་ཞིག་མིག་གིས་བསུ་བཞིན

ཁྲོམ་ཁྲོམ་དུ་འཐོར་བའི་རྩྭ་ཕྲན་གྱི་ཟིལ་བ་དེ་རྡོག་པས་སྟོར་བཞིན

ལྗིན་ཏིག་ཏིག་གི་འཁྲེང་སེམས་དང་རེ་སྒུག་བར་ནས

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད

 

ཕ་ས་ཕ་ཡུལ་ཨ

དེ་རིང་ཁྱེད་ཀྱི་དྲོད་ལམ་ལམ་གྱི་བྲང་གཞུང་སྙེག་གིན་ཡོང་ཡོད

ཁྱོད་ཀྱི་སྙན་ལྷང་ལྷང་གི་གླུ་སྒྲ་འཐུ་བཞིན་ཡོང་ཡོད

རྒྱང་ཐག་ཇི་འདྲའི་རིང་ཡང

ལོ་ཟླ་ག་ཚོད་འགོར་ཡང

ངའི་དབང་ཤེད་དང་ཟུངས་ཁྲག་གི་འཁོར་རྒྱུན་རེ་རེ

ནམ་ཡང་ཁྱེད་ལ་མཐོ་རུ་འདེགས་པའི་ལེགས་སྐྱེས་སུ་བཟུང་ཡོད

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད།

2009-12-23 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

བརྟན་བརླིང་གིས་འགྱིང་བའི་གངས་རིའི་རྔམ་བརྗིད་ལ་སེམས་པ་ཁེན་ནས

དྭངས་གཙང་གིས་འཁྱིལ་བའི་མཚོ་མོ་དེའི་རླངས་རྒྱུན་རྣམ་ཤེས་སུ་གྱོན་ནས

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད

 

རི་ཆུ་སྟོང་ཕྲག་གི་ངལ་དུབ་སེམས་པས་ཁུར་ནས

ལོ་ངོ་དུ་མའི་དྲན་ཤིང་དང་གདུང་བ་ཤོག་བྱང་ལ་ཕབ་བཞིན

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད

 

འཛུམ་མདངས་ཀྱིས་འཁྱིལ་བའི་ལྷུན་སྡུག་གི་གངས་རི

བདག་གིས་མྱང་མི་ཚར་བའི་ལྷ་སྒྲུང་གི་གསང་བ་ཡིན་ན

ལྗང་མདོག་གིས་སྨིན་པའི་རྩྭ་ཐང་ནེམ་མོ

བདག་གིས་རྨིས་མ་ཚར་བའི་ཁ་སང་གི་གཏམ་རྒྱུད་ཡིན

 

མེས་པོས་བཞག་པའི་གཏན་ཚུགས་ཀྱི་ཁ་ཆེམས་གསོན་པོ

ནུབ་དུ་མེད་པའི་དུས་གསུམ་གྱི་ཡིག་འབྲུ་ལ་རྐོ་བཞིན

ཨ་མས་གྱེར་བའི་དུངས་སེམས་ཀྱི་གཞས་ཆུང་སྙན་མོ

འཇགས་སུ་མེད་པའི་ནང་སེམས་ཀྱི་བདེན་པར་བརྒྱུས་ཏེ

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད

 

ལམ་ལམ་དུ་འཕྲོ་བའི་ཉི་ཟེར་གྱི་སྣང་བ་ཞིག་མིག་གིས་བསུ་བཞིན

ཁྲོམ་ཁྲོམ་དུ་འཐོར་བའི་རྩྭ་ཕྲན་གྱི་ཟིལ་བ་དེ་རྡོག་པས་སྟོར་བཞིན

ལྗིན་ཏིག་ཏིག་གི་འཁྲེང་སེམས་དང་རེ་སྒུག་བར་ནས

ང་ཕྱིར་ཕ་ཡུལ་ལ་ཐོན་ཡོད

 

ཕ་ས་ཕ་ཡུལ་ཨ

དེ་རིང་ཁྱེད་ཀྱི་དྲོད་ལམ་ལམ་གྱི་བྲང་གཞུང་སྙེག་གིན་ཡོང་ཡོད

ཁྱོད་ཀྱི་སྙན་ལྷང་ལྷང་གི་གླུ་སྒྲ་འཐུ་བཞིན་ཡོང་ཡོད

རྒྱང་ཐག་ཇི་འདྲའི་རིང་ཡང

ལོ་ཟླ་ག་ཚོད་འགོར་ཡང

ངའི་དབང་ཤེད་དང་ཟུངས་ཁྲག་གི་འཁོར་རྒྱུན་རེ་རེ

ནམ་ཡང་ཁྱེད་ལ་མཐོ་རུ་འདེགས་པའི་ལེགས་སྐྱེས་སུ་བཟུང་ཡོད

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།