བཙན་པོ་སྔོག་པ།

བཙན་པོའི་རུས་ཀོག་ས་འོག་ནས་བཏོན་རྗེས
རྒྱུན་ཐག་ཆད་པའི་གཡུ་བྱུར་དག་ས་རུ་ལྷུང
གོས་ཆེན་ལྷེབ་མ་ལྷེབ་མ་བྱས་ཏེ་ཡོངས་སུ་རལ་རྗེས
མི་ཚོགས་ཀྱི་མིག་ཀོང་ནས་གཤོག་པ་ཆད་པའི་ཕྱེ་མ་ལེབ་མང་པོ
འཕུར་ཙམ་འཕུར་ཙམ་བྱེད    འགུལ་ཙམ་འགུལ་ཙམ་བྱེད
ཤི་གསོན་བྱེ་མའི་རི་བོ་ཇེ་དམའ་རེད
གཤིན་རྗེ་ཆོས་རྒྱལ་གྱི་དགོད་སྒྲ་ཡང་ཇེ་དམའ་རེད

སྙིང་དུ་སྡུག་པའི་གཏམ་རྒྱུད་དེ་བཤད་རྗེས
ཤི་བོ་ཤི་མོ་དག་གིས་ཁྲག་འཛར་འཛར་གྱི་གསོན་སྙིང་ལག་པས་བཏེགས་ནས
ཞེ་མཐུན་ས་རེ་རེའི་གམ་དུ་ཉེ་བར་བཅར
ངག་མི་འཁྲོལ་ཡང་ངོ་འཛུམ་གྱི་མཆུ་སྒྲོས་ལས
མེ་ཏོག་དཀར་པོ་དམར་པོ་དག་མི་རེ་རེའི་མགོ་ཐོག་ཏུ་ཁ་བ་བཞིན་འཐོར
བསིལ་རླུང་གི་རྒྱུ་བས་འཁྱེར་བ་བཞིན་ཕང་ཕུང་གིས་འཐོར

གླུ་བ་གླུ་མ་དག་གི་སྨྲ་ལྕེ་ཡོངས་སུ་སྲད
གཅེར་བུར་བུད་པའི་བུ་མོ་དེའི་འདོམས་གཅིག་པུ་བརླན་གྱིས་བཟུང
ཁ་ནང་ནས་དུ་བ་ལང་ལོང་འཕྱུར་བའི་གླུ་བ་དག
མཚམས་སྤྲིན་ཕྲག་པས་བཀྱགས་ནས་ཨག་ཤེད་ཀྱིས་བཏབ
རྫ་རིའི་ཟོམ་གྱི་གླག་མོའི་སྡེར་བར་གྱི་ཤ་རྡོག་རྦབ་ལ་འགྲིལ
མེ་ཏོག་སྤར་མོ་གང་ཤེས་མེད་ཚོར་མེད་ངང་རྙིད་སོང་བར་གྲག་འགུལ་ཅི་གང་མ་བྱུང
མཚན་གནམ་དེར་བཞུད་ཟིན་པའི་རྒས་པོ་དེའི་ལག་གི་ཕྲེང་ཀོག་ཟད་པོ
ཁྲག་དང་ས་ལ་བསྒྲེས་པའི་ལག་དམར་སུ་ཡིན་ཤོད    སུ་ཡིན་ཤོད

བཙན་པོ་ཁྲིད་ཤོག་དང     བཙན་མོ་ཁྲིད་ཤོག
ཡབ་ཆེན་གྱི་བྲང་ཁོག་ལྟ་བུའི་བང་སོའི་རིམ་པ་རེ་རེར
ནང་ཁྲོལ་མིན་པའི་གསེར་དང་དབྱིག་གིས་བཀང་བར་བྱས
མདའ་དང་མདུང་མོའི་རྩེ་རུ་སྐྱོན་པའི་རྣམ་ཤེས་ཁྲི་མ་འབུམ
ངང་མོའི་གཤོག་འོག་གི་མིག་ཆུའི་གཙང་པོའི་འཇིངས་སུ་བྱེར
ཁམས་ཆེན་པོའི་རྡུལ་དང་མཉམ་པའི་སྐྱེ་བོ་ཡོད་དོ་ཅོག
བདེ་བ་མེད་པ་དང་སྡུག་བསྔལ་དང་མི་འབྲལ་བའི་སྨོན་ལམ་ངས་ཀྱང་འདེབས

                        ཕྱིར་འོང་མེད་པའི་ཡུགས་ས་མ།

རྫི་གླུའི་ཁྲོད་ནས་རྙེད་པའི་བུ་མོ་དེར་ཚེ་རིང
མེ་ཏོག་ཚལ་ནས་བརྩེས་པའི་བུ་མོ་དེར་བཀྲ་ཤིས

འོན་ཏེ    ཁང་བ་སྐྱ་ལེབ་འགའ་སྒྲིག་པའི་ནང་དུ་སྡོད་པའི་ཡུགས་མོ་དེ
ང་ལ་ཁབ་སུམ་བརྒྱ་དྲུག་ཅུ་སྟེར་བའི་ཡུགས་མོ་དེ
ཉིན་རེར་ཐེངས་རེ་དྲན་དགོས་པའི་ཡུགས་མོ་དེ
ཡུགས་མོ་ཡུགས་མོ་ཞེས་བོས་ཀྱང
སོ་འཛུམ་བསྟུད་མར་སྟོན་ངེས་པའི་བུ་མོ་གཡུ་ཡི་རྣ་ཏོག་ཅན་མ

ཁྱོད་ཀྱིས་ལོ་ཐོ་སྦེད་ནས་ལོ་ཟླའི་ཁ་གྲངས་སྣོག་འདང་བྱས་ཀྱང
གཞུང་དྲང་བའི་མེ་ལོང་ཆེན་པོ་འདིས་ནི
ཉི་ཟླ་གྲངས་མེད་པ་ཞིག་གི་འགྲོ་འོང་གི་གསང་བ་ང་ལ་བཤད་དེ
རྫོངས་སྟུག་པའི་ཨག་ཚོམ་དང་གཉེར་མ་གཉིས་བསྟར་གསུམ་བསྟར་གྱིས
མི་ཆུང་རང་དགར་འཆི་རུ་འཇོག་འདང་མ་རེད་ཨང

ལེ་ཅི་ལ་འདེད    ཁྱོད་ཀྱི་ཁྱོ་ག་ཤི་སོང་བ་རེད
ཁྱོད་ཀྱིས་བཙན་དང་ཁྲིམས་ཀྱིས་མག་པར་བརྫངས་པ་མ་རེད
ངུ་མི་དགོས      ཁྱོད་ཀྱི་ཁྱོ་ག་སྙིང་ནག་རྒྱུ་དེ་ཡོད་ན
བུ་མོ་གཞན་པ་རེའི་བརླ་བར་ནས་ཁྱོད་ལ་ཁྲེལ་མེད་བྱེད་ཐག་ཆོད་རེད

ངས་ནི་ཁྱོད་ལ་ཚེ་མཇུག་བདེ་མོ་ཞིག་རོལ་ཏུ་འཇུག་མི་འདོད་དེ
ཁྱོད་ཀྱི་གམ་ནས་མི་ཞིག་གསོན་མ་མྱོང་ཚེ
ངའི་ལས་འདི     ང་མི་ཚེ་འདི་ལ་དགའ
ང་དཀར་ངོགས་འདི་ལ་ཞེན་དྲགས་པས
དེ་ལས་ལྷག་པའི་ངའི་སྙན་ངག་གི་བུ་མོ་དུང་ར་ཅན་མ
ཁྱོད་གང་དུ་ཡོད་་་  ་་་     ཁྱོད་གང་དུ་ཡོད་་་   ་་་

                2009 11  23ཉིན། 

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཙན་པོ་སྔོག་པ།

2010-07-02 གེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།