ཉིན་མཚན་དེའི་རྒྱུད་དུ་བཏང་བའི་ང་རང་གཅིག་པུ །

ཉིན་མཚན་དེར
བསམ་གཞིགས་དང་བརྩེ་དུང་གང་ཡང་མེད
འོལ་ཚོད་ཀྱིས་བཏབ་པའི་ལམ་བྱང་ཚར་རེ
སྔར་ནས
མཆོད་སྦྱིན་དུ་རོལ་བའི་ལྕགས་མདེའུ་ཞིག
ཟུག་གཟེར་དང་འོ་དོད་ཆུ་ལ་འདྲེས་ཕྱིན
མཚམས་སྤྲིན་གྱི་ཡོལ་བ་རླུང་གིས་གཟིམ
ཁ་དོག་གི་སྒོམ་བྱ་མེ་རུ་འབར
གཟུགས་འགྱུར་དུ་རེག་པའི་ཕུང་བོའམ
གཏན་ཚིགས་སུ་རློམ་པའི་རང་གཤིས་ཚོགས
སླར་ཡང
རི་ཤོར་གྱི་དཔུང་ན་འཚུབ
སྨྱུག་རྩེ་བཙའ་ཡིས་ཟིན
མདུང་སྣེ་རྡོ་ཡིས་བསྣུན
ལམ་ཁ་མུན་པས་འཐབ
ཡོངས་སུ་རྫོགས་པའི་ལེའུ་འདི
སུ་ཞིག་གིས་བཟོས་པའི་གྲིབ་མ་དང
གྲིབ་མ་དེའི་ཁྲོད་ཀྱི་རྡོ་མཁར་ཡིན
གང་ལྟར
ད་ལྟ་བགྲོད་བཞིན་པ
ཡུལ་ཕྱོགས་དེའི་རྫོགས་པ་རུ
ཁྱུར་མིད་དུ་བཏང་བའི་ཉིན་མཚན་དེ་དག
ཉིན་མཚན་དེས་ཁྱུར་མིད་དུ་བཏང་བའི་ང་རང་གཅིག་པུ

                                                                 ༢༠༠༠.༡༠.༧

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་མཚན་དེའི་རྒྱུད་དུ་བཏང་བའི་ང་རང་གཅིག་པུ །

2010-06-30 ངག་དབང་ཚེ་རིང༌། ཀློག་གྲངས། མཆན ཡོད།

ཉིན་མཚན་དེར
བསམ་གཞིགས་དང་བརྩེ་དུང་གང་ཡང་མེད
འོལ་ཚོད་ཀྱིས་བཏབ་པའི་ལམ་བྱང་ཚར་རེ
སྔར་ནས
མཆོད་སྦྱིན་དུ་རོལ་བའི་ལྕགས་མདེའུ་ཞིག
ཟུག་གཟེར་དང་འོ་དོད་ཆུ་ལ་འདྲེས་ཕྱིན
མཚམས་སྤྲིན་གྱི་ཡོལ་བ་རླུང་གིས་གཟིམ
ཁ་དོག་གི་སྒོམ་བྱ་མེ་རུ་འབར
གཟུགས་འགྱུར་དུ་རེག་པའི་ཕུང་བོའམ
གཏན་ཚིགས་སུ་རློམ་པའི་རང་གཤིས་ཚོགས
སླར་ཡང
རི་ཤོར་གྱི་དཔུང་ན་འཚུབ
སྨྱུག་རྩེ་བཙའ་ཡིས་ཟིན
མདུང་སྣེ་རྡོ་ཡིས་བསྣུན
ལམ་ཁ་མུན་པས་འཐབ
ཡོངས་སུ་རྫོགས་པའི་ལེའུ་འདི
སུ་ཞིག་གིས་བཟོས་པའི་གྲིབ་མ་དང
གྲིབ་མ་དེའི་ཁྲོད་ཀྱི་རྡོ་མཁར་ཡིན
གང་ལྟར
ད་ལྟ་བགྲོད་བཞིན་པ
ཡུལ་ཕྱོགས་དེའི་རྫོགས་པ་རུ
ཁྱུར་མིད་དུ་བཏང་བའི་ཉིན་མཚན་དེ་དག
ཉིན་མཚན་དེས་ཁྱུར་མིད་དུ་བཏང་བའི་ང་རང་གཅིག་པུ

                                                                 ༢༠༠༠.༡༠.༧

རྩོམ་ཁུངས། རྨ་ཆུའི་སྙན་ངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།