སྙན་ངག་ཆག་པོའི་ཚོགས།

                              ༼ནམ་མཁའ་སྟོང་བའི་གླུ།༽

ལྕགས་ཀྱི་སླ་ང་ལྟ་བུའི་ས་གཞིའི་པང་ཁུག་ཏུ
ཟུག་པའི་ལུས་པོ
སྐྱེ་འཆིའི་ཚ་དྲོད་ཀྱིས་འདར་ཏེ
སྡུག་བསྔལ་གྱི་ངོ་བོར་གཏོགས་པའི་ངུ་ཅོར་རིང་མོ་ཞིག
ནམ་མཁའི་སྟོང་བའི་དབྱིངས་ཀྱི་
ཟླ་བའི་ཆག་རོ་དང་སྐར་མའི་ཚིགས་མལ་ལ་གྱེར་ཡོད
སྙིང་རྗེའི་ཆུ་ཐིགས་སྲབ་བུ་འཛུམ་པའི་ནམ་མཁའ་སྔོན་པོ་དེ
ལག་ཕྱིས་ཁ་གང་མ་ཡིན་ཚེ
དེའི་དབྱིབས་ནི་གྲུ་བཞི་དང་ཟུར་གསུམ
ཟླུམ་པོ་དང་ནར་མོ་གང་ཡང་ཡིན་མི་སྲིད་དེ
འཇམ་བསིལ་བསིལ་གྱི་བརྩེ་བ་ཞིག་གིས
སེམས་ཀྱི་ན་ཟུག་དག་དལ་བ་དལ་བུར་ཕྱིས་རྗེས
ས་རྡུལ་མཐུག་པོའི་འོག་གི་མིག་ཟུང་རྒྱང་ལ་བསྲིངས་ཚེ
དབུས་ཀྱི་གངས་རི་དཀར་པོ་དེ་ཡང
སྐྱེ་འཆིའི་ཚ་དྲོད་ཀྱིས་ཞུ་སྟེ
འདི་ནས་གཞན་ཞིག་ལ་ཡུན་གྱིས་བཞུར་བ་མཐོང་བས
སླར་ཡང་ནམ་མཁའི་སྟོང་བའི་དབྱིངས་སུ་ཚིག་འབྲུ་མེད་པའི་
གླུ་འདི་བླངས་པ་ཡིན
                          ༼འཆི་བའི་རོལ་རྩེད།༽

ཚེ་ཡི་གླ་ཆ་ཡོངས་རྫོགས་སྤྲད་དེ་ཉོས་པའི་
མལ་ཁང་གི་ནང་དུ་ཤོག་སྙིགས་དང་ཤེལ་ཆག་གིས་གང་ཞིང
གྱང་ལྡེབས་སུ་བྲིས་པའི་གཅེར་གཟུགས་ཀྱི་ལྷ་མོ་དེ
ཚ་འཁྲུལ་གྱིས་ངོ་བོ་གཞན་དུ་གྱུར་ནས
བྲང་གི་མྱོས་བུམ་ལས་དུག་དང་འོ་མ་འདྲེས་པའི་
སྦྱར་བྱུང་གི་དྲི་མ་ཁ་བོ་ཞིག་ཕྱིར་ལྡིང་བར་བྱེད
མདུན་གྱི་ཀ་ཏོ་རའི་ནང་དུ་ཆུ་གཙང་མ་བླུགས་ཏེ
ལག་པའི་སྟེང་གི་ཚིལ་དྲེགས་བཀྲུ་འདོད་ཀྱིས་གམ་དུ་བཅར་ན
དེ་ཡི་ནང་དུ་རྨ་ཁ་དང་རེ་ཆད་ཀྱིས་ཁེངས་པའི་
ངོ་གདོང་ཞིག་ལྷུང་བ་སུའི་ཡིན་ནམ  སུ་ཡིན་ནམ
གློ་བུར་དུ་གློག་ཆད་སོང
ལྕགས་ཀྱི་མཆུ་ཏོ་ཐོགས་པའི་གཙག་འབུ་དག་གིས
ཕྱོགས་ཕྱོགས་ནས་ཀུ་ཅོ་དང་བཅས་ང་ཡི་ལུས་ལ་རྒོལ་བར་བྱེད

རྒྱན་ཆ  ཡང་ན་དེ་དག་འཕྲད་པ་ལས་བྱུང་བའི་སྒྲ

ནམ་མཁས་ཕུད་པའི་ཆུ་སྤྲིན་གྱི་དོར་མ་རལ་བོ
ངང་བ་དག་ཞེ་མེར་སའི་རུས་སྦལ་གྱི་བེམ་ཀོག་རྙིང་བ
ཁྲིམས་ཤིང་གི་རྩེ་རུ་དཔྱངས་པའི་ཚེར་མའི་སྐྲ་ལོ་ནག་པོ
ཆགས་སྲེད་ཀྱི་སེམས་པ་བཀྲུ་བའི་ཁྲག་མདོག་གི་བདུད་རྩི་གཤེར་བོ
རྣམ་ཤེས་ཀྱི་ཐེམ་ཐོའི་སྟེང་གི་དུས་ཚོད་ཀྱི་ཨང་ཀི་བདག་མེད
ལོ་རྒྱུས་ཀྱི་གད་སྙིགས་དང་དཔའ་བོའི་མཚོན་ཆ་འདྲུད་པའི་ཤིང་རྟ་འཁོར་ལོ
རྒྱང་རིང་གི་སྨུག་པའི་ཕྱོགས་སུ་རྣ་བ་བླགས་ན
ཕྲན་ཚེགས་ཀྱི་དངོས་པོ་དག་གི་སྒྲ་ཕལ་བ་ཞིག་ཐོས་འོང་གི་འདུག

             ༼ཁྱོད་ཀྱི་ཕྱོགས་སུ་བཞུར་གྱིན་པའི་ང༌།༽

ཁྱོད་ཀྱི་ཕྱོགས་སུ་བཞུར་གྱིན་པའི་ང
གཙང་བོ་ཞིག་ཡིན་ཚེ
དེ་ནི་སྦྲུལ་དང་ལྕོང་མོས་རྙོག་སྟེ
དེ་ཡི་གདོང་ལ་གློ་མདོག་གི་ཚོས་ཁ་ཞིག་བསྡེབས་ཡོད་པས
ཐག་རིང་གི་ཕྱེ་མ་ལེབ་དག་གི་མིག་ཟུང་ལྡོངས་བར་བྱེད་སྲིད

ཁྱོད་ཀྱི་ཕྱོགས་སུ་བཞུར་གྱིན་པའི་ང
རླུང་བུ་ཞིག་ཡིན་ཚེ
དེ་ནི་རྣལ་འབྱོར་རྒས་པོ་ཞིག་གི་མི་རྐང་གི་
བཟོ་ལྟ་ལས་ཀྱང་རྒྱང་དུ་བྱེར་མཁན་ཏེ
མིག་དང་འདོད་པས་མི་ཟིན་པའི་ཚོར་བ་ཞིག
ཁྱོད་ཀྱི་གདོང་དུ་བསྐྱེལ་བར་བྱེད་སྲིད

ཁྱོད་ཀྱི་ཕྱོགས་སུ་བཞུར་གྱིན་པའི་ང
ཡུམ་བུ་བླ་མཁར་གྱི་སྒེའུ་ཁུང་ལས་བལྟས་ན་རིག་རྒྱུ་ཞིག་ཡིན་ཚེ
དེ་ཡི་ཕྱོགས་ན་འཇིག་ཟིན་པའི་བཙན་པོའི་རུ་དར་དང
བོར་སོང་བའི་བཙུན་མོའི་བླ་གཡུ་དག་གི
དངོས་པོ་གཞན་དུ་མར་འགྱུར་བ་ཡོད་སྲིད

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་ཆག་པོའི་ཚོགས།

2010-06-28 སེར་ལེགས་འཕྲིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།