ཐང་ཆད་བྱུང་། འོན་ཀྱང་ང་ཡིས་སྙན་ངག་བྲིས་ཆོག

                         ༠

མཚན་མོ་སླེབས་ཐེངས་རེ་རེར

ནམ་མཁའི་གས་སྲུབས་སུ་གློག་དམར་ཞིག་ཨུ་ཚུགས་ཀྱིས་འཁྱུག་སྲིད་ལ

བརླན་བཤེར་གྱི་ས་གཞི་ལའང་འོ་ཞོའི་དྲི་བསུང་འཐུལ་ངེས

ད་ལྟ        ངའི་ཡུལ་ལྗོངས་ཧྲིལ་བོར་བདེ་དྲོད་ཀྱི་རོལ་དབྱངས་ཁྱབ་པ་འདི་ནི

ང་ལ་བག་ཕེབས་ཀྱི་ངལ་གསོ་ཐེངས་ཤིག་གནང་བ་མ་ཡིན་ནམ

                      ༡

ངས་ངག་མི་སྨྲ་བར་ཡུན་རིང་འགོར་སོང

དེ་ནི་ཕྱེ་ལེབ་ཉིས་འབྱར་ཞིག་གིས་གཤོག་ལྕག་རྡེབ་པའི་དུས་ཚོད་དེ

ང་གཅིག་པུས་རང་དབང་གི་སྙན་ངག་འབྲི་བཞིན

ལྗང་ལོ་སྔོན་མོ་ས་རུ་ཟགས་པའི་དུས་ལ་བསྒུག་ཆོག

                         ༢

མི་འདིས་ཅི་ཞིག་བསམ་གྱིན་ཡོད

འགྲོ་ཞོར་འགྲོ་ཞོར་ང་ལ་ཕྱི་མིག་བལྟས་བྱུང་བས

ངའི་ལུས་རྩ་ཐམས་ཅད་སྦྲིད་པར་གྱུར་སོང

                   ༣

དུས་འདིར་ང་ལ་བུད་མེད་ཅེས་པ་ཞིག་དགོས་དོན་མི་འདུག

ངས་བུད་མེད་ཀྱི་བཟོད་གླགས་བྲལ་བའི་ན་ཟུག་དེ་དྲན་ན

བསྐལ་བ་ཡ་ཐོག་གི་སྙིང་རྗེ་འོས་པའི་རི་དྭགས་དེ་ཚོ་དྲན་སྲིད་ལ

དེ་ཚོའི་མིག་ཟུང་ནས་ཁྲག་བཞུར་བའི་ངང་ཚུལ་དེའང་དྲན་ངེས་ཡིན

དབྱར་ཁ་ཞེས་པའི་མི་ཚོགས་གྲོག་མ་བཞིན་འགུལ་བའི་དུས་ཚིགས་འདི་ལ

ངས་རང་ལུས་གཅེར་བུར་ས་གཞི་ལ་སྦྱར་ནས

ཟང་ཟིང་ལང་ལོང་གི་བྱ་བ་མང་པོར་རྒྱབ་གཏད་བྱས་ཏེ

སེམས་ཀྱི་སྡུག་བསྔལ་སེལ་བའི་ངལ་གསོ་ཐེངས་ཤིག་བྱས་ན་ཆོག་མོད

འོན་ཀྱང     ཚེ་སྲོག་འདི་མུན་པ་གཏོས་ཆེ་བ་ཞིག་དང་ཁ་ཐག་ཉེ་བར་འགྱུར་གྱིན་འདུག་པས

ལྟོ་དོན་དང་སྙན་གྲགས་བསམ་གྱིན་པའི་བུད་མེད་ཅིག་ག་ལེར་དྲན་བྱུང

                               ༤

དྲང་མོར་བཤད་ན་ང་རང་ཐང་ཆད་བྱུང

དྲང་མོར་བཤད་ན་ངས་སྙན་ངག་འབྲི་བཞིན་ཡོད

དྲང་མོར་བཤད་ན་ངའི་སྙན་ངག་གིས་མི་ཞིག་ཐང་ཆད་པར་བྱས་སོང་

ཞག་གང་བོར་གཉིད་མ་ཁུགས་པའི་དབང་གིས

ངས་རང་གི་དཔུང་བ་ནས་རྡོ་ཐོག་ཏུ་འཛར་གྱིན་པའི་བརླན་ཆུ་དེ་འཕྱི་ཞོར

ཧེ་ཙི་ཞེས་པའི་ཙི་ནའི་སྙན་ངག་པ་ཞིག་དྲན་སྲིད་ལ

བདག་ལ་ཞིམ་མངར་གྱི་ནུ་ཞོ་སྩོལ་བའི་མ་ཡུམ་དེའང་གློ་བུར་དུ་དྲན་སྲིད་པས

ངས་མཚན་མོ་འདི་ལྟ་བུ་ཞིག་ཅི་ལྟར་སྐྱེལ་ལལམ

                      ༦

གང་ལྟར     ང་རང་ཐང ་ཆད་བྱུང

གང་ལྟར     ང་རང་ཐད་ཆད་བྱུང

གང་ལྟར   ང་རང་ཐང་ཆད་བྱུང

                    ༧

ངའི་མིག་དབང་གི་ནུས་པ་འཕྲོག་གྱིན་པའི་ཉིན་བྱེད་ཀྱང་ཐང་ཆད་བྱུང

དུས་ཚོད་འདིར་ཁེར་རྐྱང་གི་གདུང་ཡུས་ཤིག་འཕྲོ་རིམ་འཕྲོར་འོང་བས

སྔོན་གྱི་མིག་ཟུང་དྭངས་མོ་དག་བཙལ་ནས་མི་རྙེད་ལ

ཆེས་ཐོག་མའི་ལྷན་སྐྱེས་ཀྱི་གཙང་པོ་དེ་ལའང་བཞུར་ཡུལ་མེད་སོང

                             ༨

གློག་སྒྲོན་ནི་གློ་བུར་གྱི་འཆར་སྒོ་ཞིག་ལས་བྱུང

ངས་ཉག་ཕྲ་བའི་འོད་སྣང་དེ་ལ་བརྟེན་ནས

རེ་སྒུག་བྱེད་སའི་དམར་འཛིང་ཐེངས་ཤིག་ལ་བློས་བསླངས་བྱེད་ཀྱིན་ཡོད་ལ

མི་ནི་འགུལ་གྱིན་པའི་མིག་འབྲས་ཤིག་ཡིན་པའང་རྟོགས་བྱུང

ཡིན་ནའང     རྣོ་ལྕགས་སམ་ཨར་འདམ་གྱི་རླངས་པ་འཐུལ་གྱིན་པའི་གྲོང་ཁྱེར་འདི་ནི

ངའི་མཐའ་མཇུག་གི་གནས་ཚང་ཡིན་པ་དྲན་པས

རྩྭ་ཐང་དང་ནོར་ལུག    རྫི་གླུ་སོགས་ནི་ང་དང་རིང་དུ་གྱེས་སོང་བའི་སྣང་བའང་སྐྱེས

ཕྱིན་ཉིན་ཁྱོད་རང་སུ་ཡིན་ནམ    སུ་ཡིན་ནམ

གང་ལྟར་ང་ལ་སྐྲག་སྣང་ཞིག་ཀྱང་སྐྱེས་བྱུང

                  ༩

ང་རང་ཐང་ཆད་པས

སྨྱུ་གུ་ཐང་ལ་བཞག

ང་རང་ཐང་ཆད་པས

ཡོད་ཚད་བརྗོད་ལས་འདས

                 ༡༠

སྐབས་དང་སྐབས་སུ

འོད་སྣང་ལའང་སྡོད་གྲོགས་མེད་ཚོད་འདུག

ང་དུར་བྱང་ཞིག་གི་ཁ་གཏད་དུ་བསྡད་པའམ

མཚོ་འགྲམ་གྱི་ཟླ་ངོགས་སུ་བསྡད་པའི་གོ་རིམ་ནི

ང་འཆི་བའི་གོ་རིམ་ཡིན

དེ་ནི་འཇིགས་སྐྲག་ཐེངས་ཤིག་ཡིན

                      ༡༡

འདི་ལྟར་ཐང་ཆད་པའི་དུས་ཚིགས་སུ

ངས་སྙན་ངག་མང་པོ་ཞིག་བྲིས་ཆོག་ནའང

མངོན་འགྱུར་བྱ་ཐབས་བྲལ་བའི་ཕུགས་བསམ་ཞིག་མདུན་དུ་ལྷུང་སོང

                                                     ༢༠༠༤ ༦ ༡༧ཉིན་ཟི་ལིང་དུ་བྲིས།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐང་ཆད་བྱུང་། འོན་ཀྱང་ང་ཡིས་སྙན་ངག་བྲིས་ཆོག

2010-06-25 མཚོ་བུ་དགའ་བདེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།