འགྲུལ་བཞུད།

མཁས་དབང་གྲུབ་མཆོག་རིན་པོ་ཆེ་ལ་རྗེས་དྲན་དུ།
རིན་པོ་ཆེ།   འགྲུལ་བཞུད་ཅིག་གི་གོ་རིམ་ལས།
ཆགས་ཞེན་གྱིས་བསླངས་པའི་རྣ་གཤོག་ལེབ་མོ་རྒྱབ་ཕྱོགས་སུ་གློད་དུས།
བསྔོ་སྨོན་གྱི་བསང་དུད་དཀར་པོའི་ཀློང་དུ།  སྒྲ་དབྱངས་ཀྱི་གར་སྟབས་ལིང་ངེར།
ཁྱེད་རང༌།   འཇའ་འོད་ཀྱི་གུར་ཁྱིམ་གཞན་ཞིག་ཏུ་གཤེགས་སོང༌།

རིན་པོ་ཆེ།  མིག་ཆུ་མང་བའི་དུས་ཚིགས་ཀྱི་སྔས་མགོ་རུ།
རྟོགས་བརྗོད་དང་རྣམ་ཐར་རི་རབ་བཞིན་དཔངས་མཐོ་ཞིང༌།
རྒས་ཀྱང་ཉམ་ང་མེད་པའི་མགོ་ཐོག་གི་དུང་ཟླ་དཀར་པོ་ཁྱེད།
བག་ཆགས་ལ་མོས་པའི་རིགས་རྒྱུད་ཅིག་གི་སླད་དུ།
མཁའ་སྤྱོད་ཀྱི་ཉམས་ལེན་ཁྲོད་ནས་མཛད་རྣམ་བསྡུས།

རིན་པོ་ཆེ།   སྐྱོ་གདུང་གི་སྐབས་སུ་རྨི་ལམ་ཞིག་རྨིས་འདོད་ཀྱང༌།
རྨི་ལམ་གྱི་ཁྲོད་ནས་བདེ་བ་ཞིག་འཐོབ་དཀའ་བས།  གང་ལྟར་ཀྱང༌།
གནའ་ཤུལ་དང་རི་ཁྲོད་ཀྱི་གསང་བའི་སྦུབས་ནས།
དབེན་གནས་ཀྱི་དྲིལ་ཆུང་ཞིག་ལ།  ཁུ་སིམ་མེར་རྣ་བ་བླགས་ཤིང༌།
འགྲུལ་བཞུད་ཅིག་གི་ཕམ་ཉེས་ལ་བཟོད་སྒོམ་མི་བགྱིད་ཀ་མེད་བྱུང༌།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྲུལ་བཞུད།

2010-06-06 ཤེས་རབ་རྡོ་རྗེ། ཀློག་གྲངས། མཆན ཡོད།

མཁས་དབང་གྲུབ་མཆོག་རིན་པོ་ཆེ་ལ་རྗེས་དྲན་དུ།
རིན་པོ་ཆེ།   འགྲུལ་བཞུད་ཅིག་གི་གོ་རིམ་ལས།
ཆགས་ཞེན་གྱིས་བསླངས་པའི་རྣ་གཤོག་ལེབ་མོ་རྒྱབ་ཕྱོགས་སུ་གློད་དུས།
བསྔོ་སྨོན་གྱི་བསང་དུད་དཀར་པོའི་ཀློང་དུ།  སྒྲ་དབྱངས་ཀྱི་གར་སྟབས་ལིང་ངེར།
ཁྱེད་རང༌།   འཇའ་འོད་ཀྱི་གུར་ཁྱིམ་གཞན་ཞིག་ཏུ་གཤེགས་སོང༌།

རིན་པོ་ཆེ།  མིག་ཆུ་མང་བའི་དུས་ཚིགས་ཀྱི་སྔས་མགོ་རུ།
རྟོགས་བརྗོད་དང་རྣམ་ཐར་རི་རབ་བཞིན་དཔངས་མཐོ་ཞིང༌།
རྒས་ཀྱང་ཉམ་ང་མེད་པའི་མགོ་ཐོག་གི་དུང་ཟླ་དཀར་པོ་ཁྱེད།
བག་ཆགས་ལ་མོས་པའི་རིགས་རྒྱུད་ཅིག་གི་སླད་དུ།
མཁའ་སྤྱོད་ཀྱི་ཉམས་ལེན་ཁྲོད་ནས་མཛད་རྣམ་བསྡུས།

རིན་པོ་ཆེ།   སྐྱོ་གདུང་གི་སྐབས་སུ་རྨི་ལམ་ཞིག་རྨིས་འདོད་ཀྱང༌།
རྨི་ལམ་གྱི་ཁྲོད་ནས་བདེ་བ་ཞིག་འཐོབ་དཀའ་བས།  གང་ལྟར་ཀྱང༌།
གནའ་ཤུལ་དང་རི་ཁྲོད་ཀྱི་གསང་བའི་སྦུབས་ནས།
དབེན་གནས་ཀྱི་དྲིལ་ཆུང་ཞིག་ལ།  ཁུ་སིམ་མེར་རྣ་བ་བླགས་ཤིང༌།
འགྲུལ་བཞུད་ཅིག་གི་ཕམ་ཉེས་ལ་བཟོད་སྒོམ་མི་བགྱིད་ཀ་མེད་བྱུང༌།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།