རྨ་འགྲམ་གྱི་བསམ་གཞིག

འགྲེང་ཡོད་ས་འདི།

མནོ་བསམ་འཁུར་བའི་རྨ་ཆུའི་ཁུགས་སོ་ཞིག་སྟེ།

ལྷུང་ལྷུང་འབ་སུ ་པའི་རྨ་ཆུའི་འབབ་རྒྱུན་རེ་ན།

སུ་ཞིག་གིས་ང་ལ་བཞག་པའི་རེ་བ་དང་སྟོང་འདང་ཡོད་ཚད།

འོ་མ་ལྟར་བཞུར་བའི་ཤག་ཤག་གི་ཆུ་མོས་ཁུར་ནས།

རི་ཆུ་ཁྲི་ཕྲག་གི་རྔམས་ཁ་བརྒལ་ནས་འཛམ་གླིང་གི་ཕ་མཐར་བསྐྱལ།

རླབས་ཀྱི་ལག་པ་དང་ཆུ་མོའི་གླུ་གཞས་ལ་འཁྱུད་པའི་མནོ་བསམ་བན་བུན།

ཨ་མའི་ལྕང་ལོ་ལ་རྒས་ཉམས་ཀྱི་ཁ་དོག་བསྒོས་པའི་གཏམ་རྒྱུད་དང༌།

འབྲུ་ཞིང་གི་སྙེ་མ་ལྡེམ་པའི་གསེར་མདོག་གི་ལེ་ཚན་ཞིག་ཀྱང་ཡིན།

ཡོད་ཚད་མཐིང་མདོག་མིན་ལ་སྡུལ་སྣང་ཡང་མིན་པའི་ཞབས་རྗེས་དེ་དག

རྨ་ཆུའི་གཟི་ཉམས་ལ་ཕུལ་པའི་སང་ཉིན་གྱི་འབོད་པ་རེ་རེ་ཡིན་པར་འདོད་ལ།

འཚོ་བའི་ཟུར་ངོས་ནས་རྙེད་པའི་གོམ་པ་སྤོ་སྟངས་ཤིག་ཀྱང་ཡིན།

མིག་ཆུ་དང་དགོད་སྒྲ་དེ་དག

རྨ་འགྲམ་དེར་ཁ་གཏད་དུ་ལངས་ནས་ཡུན་རིང་འགོར།

ལྷིང་འཇགས་གཏོར་ཞིང་རྨི་ལམ་དཀྲོགས་པའི་དུས་ཚིགས་དེར།

ཨ་ཕས་ང་སློབ་གྲྭ་ལ་སྐྱེལ་མ་མཛད་པའི་རྨ་ཆུའི་ཟམ་ཁ་རེ་རེ་བརྒྱུད་དུས།

ཟམ་སྣེ་ཕ་རོལ་ནས་ད་གཟོད་རྒྱང་རིང་ངོ་མ་དེ་བཙལ་བ་ཚོར་ཅིང༌།

རྨོན་མཛོ་དང་འུར་ཆ་སྤངས་ནས་རང་ཉིད་ལ་རྡུལ་སྤྲུག་བྱེད་པའང་རྟོགས།

ཕྱི་ཕྱིར་བལྟས་དུས།   རང་ཉིད་བཞུད་པའི་ལོག་ར་གྱི་རྣང་མ་རེ་ན།

ད་དུང་བདག་ལ་ཅི་ཞིག་གི་ཞེན་ཆགས་ལུས་ཡོད་པར་སེམས།

ཁུ་སིམ་མེར་རྨ་འགྲམ་གྱི་གྲོང་ཚོ་ཆུ་མོའི་བཞུར་དབྱངས་དང་བསྡེབས་ནས།

རྒྱ་མཚོའི་རུམ་ཁོང་དུ་འཇུག་པའི་ལས་དབང་བྲལ་ནའང༌།

མིག་ཆུ་རྡོག་ཅིག་ལྷུང་མ་མྱོང་བའི་དཔའ་སྤོབས་ཀྱི་ཡུལ་མི།

རང་ས་གོར་མོ་ལ་དབང་སྒྱུར་བྱེད་པའི་བདག་པོ་ངོ་མ་སྟེ།

གསེར་མདོག་རིམ་པའི་ལས་དབང་གི་དན་རྟགས་རེ་རེ།

ལོ་ཟླ་ཞག་གྲངས་ལ་རྨ་འགྲམ་དུ་བཀོད་པའི་རྫོགས་ལྡན་གྱི་དེབ་ཐེར་ཡིན།

རྨ་འགྲམ་དེར་བཀོད་པའི་སུབ་མེད་ཀྱི་རྐང་རྗེས་མཐའ་དག

མེ་ཏོག་ལྟར་བཀྲག་མདངས་འཚེར་བ་མིན་ཡང༌།

སེམས་ཀྱི་ཕྱི་ནང་དུ་སྨིན་པའི་མ་བཅོས་ཀྱི་ས་བོན་རྡོག་པོ།

ཁ་བཏགས་བཞིན་དཀར་པའི་དྭངས་གཙང་གི་དངོས་གྲུབ་ཡིན།

ད་དུང་སྲིད་དུ་རིང་བའི་མཛའ་འབྲེལ་གྱི་གསེར་ཟམ་ཡིན།

བརྩོན་པ་བརྒྱ་ཕྲག་གིས་མངའ་ཐང་བཞེང་སྐྲུན་བྱས་པའི་རྨ་འགྲམ་དེར།

མི་ཕྱུགས་ལ་ཕྱྭ་གཡང་ཆགས་པའི་གཏམ་རྒྱུད་དང༌།

ད་དུང་ལོ་རྒྱུས་ལ་ཉི་མ་ལྟ་བུའི་བདེན་ལུགས་སྩོལ་བའི་གླུ་ངག

བདག་གི་གྲེ་བ་བསལ་བའི་བདུད་རྩི་སྨན་མཆོག་སྟེ།

ལན་གཅིག་གཡར་པའི་མི་ཚེ་འདིའི་སྟོབས་ཤུགས་སུ་བསྒོམས་ནས།

བརྩེ་བ་དྲགས་པའི་སེམས་ཁོང་གི་མཆོད་མེ་རུ་སྦར་ཏེ།

རྨ་འགྲམ་དེར་འོད་སྣང་ལྟ་བུའི་སང་ཉིན་ཞིག་བསུ་འདོད།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་འགྲམ་གྱི་བསམ་གཞིག

2010-06-02 འབའ་གདུག་པེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།