འུག་པ་གླེང་བ།

ཁུ་བྱུག་སྔོན་མོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-02

མཚན་མོར།  ཡོད་ཚད་རྨི་ལམ་གྱི་འདམ་དུ་བྱིང་བའི་མེ་མཚམས་མོར།
འུག་པ་ཁོ་ན་ནི་ད་གཟོད་མཚན་མོའི་རྫི་བོ་ཡིན།
ཁོས་མུན་ནག་གི་ཟབ་ས་ནས་འབ་སྐད་ཡང་ཡང་འབྱིན་པ་ནི།
ཁོ་ལ་མཚོན་ན་ང་ཚོའི་སང་ཉིན་གྱི་ཆེད་དུ་ཡིན།
སང་ཉིན་གྱི་འོད་དྲོན་མོའི་ཆེད་དུ་ཡིན།

ཡིན་ནའང༌། ང་ཚོས་མཐོང་མི་སྲིད།
ང་ཚོས་དངོས་གནས་མཐོང་མི་སྲིད།
འུག་པའི་སེམས་ཁོང་ན་མཐོ་ཞིང་བརྗིད་པའི་རི་བོ་ཞིག་ཀྲོང་ངེར་འགྱིང་ཡོད།
འུག་པའི་དྲན་ངོགས་ན་དྭངས་ཤིང་གཙང་བའི་མཚོ་མོ་ཞིག་ལྟེམས་མེར་འཁྱིལ་ཡོད།

ནམ་མཁའ་སྔོ་བསངས་མའི་འོག་གི་ས་གཞི་ལ་བསམས་ནས།
འུག་པས་སྔ་མོ་ནས་བདེ་སྐྱིད་བོར་སོང༌།
འུག་པས་སྔ་མོ་ནས་ཞེན་ཆགས་བརྗེད་སོང༌།
རྩྭ་ལྗང་ལ་ཉི་འོད་ཀྱིས་མ་རེག་པའི་ཞོགས་པ་རེ་རེར
འུག་པས་བསམ་གཟས་ནས་རང་ཉིད་ལ་མནར་གཅོད་གཏོང་གིན་འདུག

ཞོགས་པ་རེ་རེར།  འུག་པ་མལ་དུ་ལྡོག་པ་ནི།
ལོང་བར་གྱུར་པའམ་ཡང་ན་རྐྱེན་གཞན་མ་ཡིན་པར།
དེ་ནི་ཁོའི་བསམ་དོན་ཞིག་ཡིད་བཞིན་དུ་གྲུབ་པས་ཡིན་ཏེ།
ང་ཚོར་ཉི་འོད་ཅིག་ཡོད་པ་མ་ཡིན་ནམ།
ཉི་འོད་ཀྱིས་ཕྱུག་པའི་ཡུལ་ལྗོངས་ཤིག་ཡོད་པ་མ་ཡིན་ནམ།

མག་མོག་གིས་འཚེར་བའི་སྐར་ཚོགས་ནི་འུག་པའི་གདུང་གྲོགས་ཏེ།
འུག་པ་རི་སྒང་མཐོ་ས་ཞིག་ཏུ་བབས་ནས།
དགུང་གི་སྐར་ཚོགས་དང་མཉམ་དུ་མཚན་མོ་འཚོ་དུས།
དགུན་ཁར་གྲང་ངར་ལྡང་ཡང་ཁོ་གྲང་མི་སྲིད་ལ།
དཔྱིད་ཀར་རླུང་དམར་འཚུབས་ཀྱང་ཁོ་འཁུག་མི་སྲིད།

འུག་པར་གླག་རྒོད་ལྟ་བུའི་ལྡེམ་མྱུར་གྱི་གཤོག་རྩལ་མེད་ནའང༌།
ཁོ་འཕུར་བ་ནི་ན་ཟུག་གིས་འཕུར་བ་ཡིན་པས།
ཁོའི་གཤོག་སྣེ་ན་འབྲོང་རྒོད་ཀྱི་རུས་གོག་ཐོར་པའི་མྱ་ངན་ཡོད།
ཡིན་ནའང༌།   འུག་སྤར་མོ་ལྷོད་པ་ཁ་དང་མཆིལ་ཞགས་ཀྱི་ཁྲོད་དུ་ལུས་ཏེ།
ཡུན་རིང་འགོར་སོང༌།

ཚང་མལ་ཙམ་བཟོ་ཤེས་པའི་སྐྱ་ཀ་དང་སྡོང་བོ་ཙམ་རྐོ་ཐུབ་པའི་ཤིང་རྟ་མོ།
ད་དུང་བྲག་ཐེམ་ཙམ་སྲུང་ཐུབ་པའི་རྒོད་པོ་སོགས་ནི།
ལྷ་བྱ་དང་བྱ་ཆེན་ཟེར་ཡང༌།
འུག་མ་གཏོགས་མཚན་མོར་འཚོ་ཐུབ་མཁན་གང་ཡོད།

ས་གཞི་བར་སྣང་དང་བཅས་པར་ཟུག་པའི་འཇིག་རྟེན་གྱི་མུན་པ་ཡལ་མི་སྲིད་ན།
འུག་པའང་རྒས་མི་སྲིད་ལ།   འུག་པའི་རྨི་ལམ་ཡང་རྒས་མི་སྲིད།
དེ་ནི་འུག་པས་མུན་ནག་གྲོགས་སུ་བསྟེན་པས་ཡིན་ལ།
ང་ཚོས་འོད་ཟེར་མ་གཏོགས་མཐོང་མི་ཐུབ་པས་མ་ཡིན་ནམ།
                        ཕ་ཡུལ།
ནམ་ཡང༌།   ལྷིང་འཇགས་སེར་གནས་པའི་བདག་གི་ཕ་ཡུལ།
དྲན་པའི་མེ་ལོང་དུ་ཤར་ཐེངས་རེར།
གྲོང་ཁྱེར་གྱི་འུར་ཟིང་དང་འདུ་འཛིའི་སྐྱོ་ངལ་ཁ་རོག་གེར་འཇགས་འགྲོ་ཡང༌།
ལྕི་འདམ་གྱི་ཁྲོད་ན་ཟུད་པའི་ཚ་མོའི་ལང་ཚོ་བསམས་ན།
སླར་ཡང་ཐོལ་གྱིས་དཀྲོགས་འོང༌།

རླུང་རྟ་དང་རྨུག་ཐག་གི་རླབས་ཀྱིས་ཕྱུག་པའི་ཕ་ཡུལ།
རྡེའུ་འབུམ་དང་དར་ལྕོག་གི་ཉམས་ཀྱིས་བརྗིད་པའི་ཕ་ཡུལ།
ད་ལྟ།   ད་དུང་ཡང་ཕ་ཡུལ་ལྷ་ཚོགས་ཀྱིས་གཉོདར་ནས་བསྡད་ཡོད་ཨང༌།
སྤྲིན་དཀར་གྱི་ཀློང་ལ་འཕུར་བའི་ལ་གཞས་ཀྱི་འགྱུར་ཁུགས་སྙན་མོ།
སུ་ཞིག་གི་འཛུམ་དཀར་དང་ལྷན་དུ་གྲག་དུས།
ཕ་ཡུལ་གྱི་མཛེས་ལྗོངས་ཧ་ཅང་སྐྱིད་ནའང༌།  གནམ་སྔོན་པོའི་གུར་འོག་ན།
ད་ནི་ཕ་ཡུལ་ཇེ་ཆུང་དུ་འགྱུར་བཞིན་པ་སུ་ཡིས་རྟོགས།

ནམ་རྒྱུན་གྲོང་ཁྱེར་འདིའི་མཐའ་དབུས་གང་རུང་ལ་གོམ་པ་འཇོག་དུས།
ཁང་རྩེག་གི་འཚང་ཁའི་གསེབ་ནས།
ངས་ཕ་ཡུལ་གྱི་སྦྲ་ནག་ཁེར་རྐྱང་ཡིན་པ་ཚོར་འོང༌།
རླངས་འཁོར་གྱི་འཚུབ་རྒྱུག་བར་ནས།
ངས་ཕ་ཡུལ་གྱི་རྟ་ཕོ་ཉམ་ཆུང་ཡིན་པ་ཚོར་འོང༌།
               སེམས་ཀྱི་རོལ་དབྱངས།
གདངས་གཉོམ་པའི་གླུ་སྐད་ཅིག
བསིལ་རླུང་གིས་མཁའ་མཐར་ཁྱེར་པ་ནས།
འགྲོས་མཉམ་པའི་སྟངས་སྟབས་མཉེན་མོ།
མེ་ཕུང་གིས་ཡང་ཡང་བསྒུལ་བྱུང༌།

སྤྱི་མཚན་མོའི་ནང་གི་སྙིང་ནི་མུན་ནག་ཡིན་ཀྱང༌།
མུན་ནག་གི་མངལ་ན་འོད་སྣང་སྦྲུམ་ཡོད་པས།
ལྗིད་ཏིག་ཏིག་གི་སེམས་པ་མང་བོ།   མེ་ཕུང་བཞིན་འབར་བར་གྱིས།
དྲག་ནས་དྲག་ཏུ།   ཆེ་ནས་ཆེ་རུ།
དམར་ས་ནས་མཐོ་སའི་བར།   ཉེ་ས་ནས་རྒྱང་རིང་དུ།

ལག་པ་དང་ལག་པ་སྦྲེལ་པ་ལས།
བརྩེ་བ་དང་དུངས་པ་གཅིག་ཏུ་འདྲེས་ལ།
འཛུམ་དཀར་དང་འཛུམ་དཀར་ཕྲད་པ་ལས།
རེ་བ་འདུན་མ་གཅིག་ཏུ་བཟླུམ།

ལྷ་རྒྱལ་ལོ།   སྔོན་ཐོན་བརྩོན་པའི་མེ་དཔུང་གི་སེམས་སྒྲ་དམར་པོ།
བཀྲ་ཤིས་ཤོག   གངས་རིའི་ཁོངས་གསེང་གི་གླུ་སྒྲ་སྙན་མོ།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུག་པ་གླེང་བ།

2010-06-02 ཁུ་བྱུག་སྔོན་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།