ཁེར་རྐྱང་ལ་བྲག་ཅ་འཁོར་བའི་གོ་རིམ།

                           
ཟི་ལིང་གི་ཞོགས་པ        ལྔ་ཐོག་གི་སྒེའུ་ཁུང་བརྒྱུད་འོང
མལ་ཁྲི་ཡི་སྟེང་དུ་སེམས་ངལ་ཡིད་སྲུབས་སུ་སྐུང་བ་ནས
བུ་མོ་ཁྱོད་ཡང་བདག་གི་སེམས་ཁོང་དུ་འཛུལ་ས་གཏན་ནས་མེད

རི་སྒང་མཐོན་པོ་ཞིག་གི་སྟེང་དུ་སྤྲིན་པ་འགྱུ་ཚུལ་ལ་རྣ་བ་གཏོད་དུས
ངའི་ལྷག་སེམས་རྣམ་དག་གི་དབྱིངས་རིམ་ན་ཅི་ཞིག་ཡོད
ཁྱོད་ཀྱིས་ཤོད་དང་ཅི་ཞིག་ཡོད        དྭངས་གཙང་གི་ཆུ་རྫིང
ཉ་མོ་ཞིག་དངངས་ཤིང་དཀྲོགས་ནས་སྤྲིན་དཀར་སྤྲིན་ཁྲོད་ཡལ་རྗེས་སུ
ཆུ་གཉེར་ཟླུམ་པོ་དང་ཟླུམ་པོར་འཁོར་ནས་དུས་ཚོད་ཀྱི་ཀློང་ལ་ནུབ

ཉིན་འདི་ཚོར         རླུང་བུ་ཇེ་འཁྱག་ནས་ཇེ་འཁྱག་ཏུ་འགྲོ་བཞིན་འདུག
དུས་ཚོད་ཀྱི་མཆེ་སྡེར་རྣོན་པོའི་རྔམ་ཁ་ནས       བུ་མོ་ཡ
ང་ཅི་ཞིག་ལ་སྐྲག་ནས་དངངས་ཤིང་ཧད་ནས་ཡུན་རིང་འགོར

མིག་མདངས་ཀྱིས་རེག་ཐབས་བྲལ་བའི་ད་ལྟའི་ལྐོག་གཡོ་གྱ་གྱུ
ཚུལ་འཆོས་ཀྱིས་གབ་པའི་ད་ལྟའི་གདོང་འབག་རྫུན་མའི་འཛུམ་མདངས
ད་ལྟ               ང་ཐག་རིང་ནས་འོང་བཞིན་པའི་ལམ་འགྲོ་བ་དེ་ཡང་བྱེད་མ་འདོད

གྲོང་ཁྱེར་ཞིག་སྐྱེས་སྟོབས་དང་གསར་སྟོབས་ཀྱིས་བརྒྱན་པ་ནས
རྣོ་ལྕགས་དང་ཨར་འདམ་གྱིས་མི་རྣམས་ཀྱི་བརྩེ་བར་རྒོལ་འགོ་བརྩམས
ད་ལྟ་ངས་རང་ཉིད་ཁ་རོག་གེར་བསྡད་ནས་ཡུན་རིང་འགོར་བ་གཞི་ནས་ཚོར
                              ༢༠༠༡。༨。༡༥

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་ལ་བྲག་ཅ་འཁོར་བའི་གོ་རིམ།

2010-05-23 གེ་སར། ཀློག་གྲངས། མཆན ཡོད།

                           
ཟི་ལིང་གི་ཞོགས་པ        ལྔ་ཐོག་གི་སྒེའུ་ཁུང་བརྒྱུད་འོང
མལ་ཁྲི་ཡི་སྟེང་དུ་སེམས་ངལ་ཡིད་སྲུབས་སུ་སྐུང་བ་ནས
བུ་མོ་ཁྱོད་ཡང་བདག་གི་སེམས་ཁོང་དུ་འཛུལ་ས་གཏན་ནས་མེད

རི་སྒང་མཐོན་པོ་ཞིག་གི་སྟེང་དུ་སྤྲིན་པ་འགྱུ་ཚུལ་ལ་རྣ་བ་གཏོད་དུས
ངའི་ལྷག་སེམས་རྣམ་དག་གི་དབྱིངས་རིམ་ན་ཅི་ཞིག་ཡོད
ཁྱོད་ཀྱིས་ཤོད་དང་ཅི་ཞིག་ཡོད        དྭངས་གཙང་གི་ཆུ་རྫིང
ཉ་མོ་ཞིག་དངངས་ཤིང་དཀྲོགས་ནས་སྤྲིན་དཀར་སྤྲིན་ཁྲོད་ཡལ་རྗེས་སུ
ཆུ་གཉེར་ཟླུམ་པོ་དང་ཟླུམ་པོར་འཁོར་ནས་དུས་ཚོད་ཀྱི་ཀློང་ལ་ནུབ

ཉིན་འདི་ཚོར         རླུང་བུ་ཇེ་འཁྱག་ནས་ཇེ་འཁྱག་ཏུ་འགྲོ་བཞིན་འདུག
དུས་ཚོད་ཀྱི་མཆེ་སྡེར་རྣོན་པོའི་རྔམ་ཁ་ནས       བུ་མོ་ཡ
ང་ཅི་ཞིག་ལ་སྐྲག་ནས་དངངས་ཤིང་ཧད་ནས་ཡུན་རིང་འགོར

མིག་མདངས་ཀྱིས་རེག་ཐབས་བྲལ་བའི་ད་ལྟའི་ལྐོག་གཡོ་གྱ་གྱུ
ཚུལ་འཆོས་ཀྱིས་གབ་པའི་ད་ལྟའི་གདོང་འབག་རྫུན་མའི་འཛུམ་མདངས
ད་ལྟ               ང་ཐག་རིང་ནས་འོང་བཞིན་པའི་ལམ་འགྲོ་བ་དེ་ཡང་བྱེད་མ་འདོད

གྲོང་ཁྱེར་ཞིག་སྐྱེས་སྟོབས་དང་གསར་སྟོབས་ཀྱིས་བརྒྱན་པ་ནས
རྣོ་ལྕགས་དང་ཨར་འདམ་གྱིས་མི་རྣམས་ཀྱི་བརྩེ་བར་རྒོལ་འགོ་བརྩམས
ད་ལྟ་ངས་རང་ཉིད་ཁ་རོག་གེར་བསྡད་ནས་ཡུན་རིང་འགོར་བ་གཞི་ནས་ཚོར
                              ༢༠༠༡。༨。༡༥

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།