ང་ལུས་སོང༌།བརྩེ་དུང་གི་གཏམ་རྒྱུད་ལུས་སོང༌།

སྤྱི་ཟླ་དགུ་བའི་ཚེས་བཅུ་གཅིག
དུས་ཚོད་ཀྱི་ལག་པས་མཐོ་རུ་བཏེགས་པའི
གསེར་མདོག་གི་ཉི་མ་དེ་ནི་སྒྲོན་མེ་ཞིག
དུང་མདོག་གི་ཟླ་བའང་སྒྲོན་མེ་ཞིག
དྲོད་སྣང་གི་ཁྲོད་ན་མུན་ནག་གི་གྲིབ་མ་སྐུང་ཡོད་དམ
ཉིན་མོ་འདིའི་རྨ་ཁའི་གྲུ་ཟུར་ཞིག་ནས
ངས      ཨ་རིའི་བྱིས་པ་ཚོ་བསམ་ཞིང་དེ་ལྟར་དྲན

གོ་ལ་འདི་ས་ཁྲ་ཇི་བཞིན་བལྟབ་ཆོག་པའམ
ཕྱི་གསལ་ནང་གསལ་ཅིག་ཡིན་པའི་དབང་དུ་བཏང་ན
ད་ལྟ་སྐར་ཚོམ་དང་སེམས་ཁྲལ་ལྷན་དུ་ཁུར་བའི
ངས་ཀྱང        ཨ་རིའི་འཆར་ཀ་དང
འཆར་ཀའི་མདངས་དང་འགྲོགས་པའི
ཨ་རིའི་བྱིས་པ་ཚོའི་གདོང་གི           མིའི་རིགས་ཀྱི
ཟོལ་མེད་དང་བྱིས་བློ་མཐོང་ཐུབ་ཚོད་ཡིན

ངའི་བུ་མོ་ནང་བཞིན       གཅེས་ཕྲུག་དག
མལ་ལས་ལྡང་མ་ཐག་རྩེད་ཆས་རྩེད་ཆས་ཟེར་ཞིང
གྱིས་པའི་དགའ་ཚལ་ཞིག་ལ་འགྲོ་རེ་ཞུ་སྲིད
འོན་ཀྱང       ཉིན་མོའི་དབང་གིས
ཨ་མའི་འོ་ལ་ཤུགས་བསྟན་གཞན་ཞིག་འབྱར་ཡོད
ཨ་ཕའི་ཕྱི་མིག་དེ་ཡང་གསང་བ་ཞིག

ཡང་ན     ལོ་དེའི་དེ་རིང་གི་ཉིན་མོར
ཁྱོད་ཀྱི་ཨ་མ་ལས་ཀ་ནས་ལོག་མ་བྱུང
ཁོ་མོའི་ཨ་ཕ་ཐག་རིང་ཐག་རིང་ཞིག་ལ་ཕྱིན་སོང
རྗེས་སུ     གློ་བུར་དུ་ནར་སོན་དུས
ཚེ་སྲོག་གི་རི་བོ་ཞིག་ཁད་ཀྱིས་འགྱེལ་ཟིན
ཁྱོད་ཚོའི་ཡ་ཐོད་ལ་དྲི་རྟགས་མང་པོ་ཞིག་བབས་སོང

ཁར་ཐུན་གློག་བརྙན་གྱི་ནང་ལ
རྒྱོབ་རྒྱོབ་སོད་སོད་ཀྱི་ཀུ་ཅོ་འཇུག་མཁན
སྒྲོན་མེ་ཆ་གཅིག་གི་ངོགས་སུ
སྒྲིག་ལམ་མེད་པའི་རྩེད་འཇོ་རྩོམ་མཁན
མུན་ནག་གི་གྲིབ་མ་འོད་ཟེར་དང་བསྡོངས་ཡོད

ཉིན་མོ་འདིའི་རྨ་ཁའི་གྲུ་ཟུར་ཞིག་དང
ས་སྒང་རིལ་མོའི་ཆུར་ངོས་ཀྱི
སྐབས་སུ་བདག་མོའང་རང་ཉིད་ཡིན་པའི
མི་ཁྱིམ་དཀྱུས་མ་ཞིག་ནས
ངས་ཨ་རི་དང་ཨ་རིའི་བྱིས་པ་ཚོར་རྣ་བ་གཏད་ཅིང
ཁོ་ཚོའི་ཕ་མ་སྟེ             ལོ་ལ་ལོངས་པའི་བྱིས་པ་རྣམས་ལ
ལྷག་བསམ་རྣམ་དག་གིས་ཡི་རང་བྱས་ཡོད་ཨང
སྤྱི་ཟླ་དགུ་བའི་ཚེས་བཅུ་གཅིག
༢༠༠༣       ༩         ༡༡
                བསྐུར་ཡིག
སྲོག་སྤུན་དབྱངས་བྷ་ལ།
སྒྲོལ་མ་མང་པོའི་ཁྲོད་ན་སྒྲོལ་མ་ཞིག་ཡོད་ངེས
ནུ་ཞོས་ཕྲུ་གི་སྐྱོང་བའི་སྒྲོལ་མ་ཞིག་ཡོད་ངེས
མིག་གིས་མཛའ་གཞས་གཏོང་བའི་སྒྲོལ་མ་ཞིག་ཡོད་ངེས
སློབ་འབྲིང་མ་ཐོན་ན་ཡང        གཞུང་ལས་མ་རེག་ན་ཡང
ཀུན་ལ་འཛུམ་གྱིས་བལྟ་བའི
འཛུམ་ལ་འོད་མདངས་འཁྱིལ་བའི    སྒྲོལ་མ་ངོ་མ་ཞིག་གིས
ངའི་མེ་ཁ་གསོས་ཏེ་ཁྱོད་ཀྱི་ཐུགས་ཁྲལ་བསལ་ངེས

སྒྲོལ་མ་མང་པོའི་ཁྲོད་ན་སྒྲོལ་མ་ཞིག་ཡོད་ངེས
ལན་བུ་ཕྲ་མོ་སླེས་པའི་སྒྲོལ་མ་ཞིག་ཡོད་ངེས
གླང་རྫིའི་དོར་མ་གྱོན་པའི་སྒྲོལ་མ་ཞིག་ཡོད་ངེས
ཁོ་མོས་ཁྱོད་ལ་སྐྱེལ་ཆང་འདེགས་སྲིད
ཁོ་མོས་ང་ལ་སེམས་གསོ་གནང་སྲིད
དེ་ག་ཙམ་གྱི་རིན་པས
མིག་ཆུ་མཚོ་མོར་བསྲེས་ཀྱང་ཅི་སྐྱོན
ཉི་མ་རྡོ་བར་གྱུར་ཡང་འགྱོད་དམ

སྒྲོལ་མ་མང་པོའི་ཁྲོད་ན་སྒྲོལ་མ་ཞིག་ཡོད་ངེས
ལས་ཀྱི་སྒྲོལ་མ་མོ་ལོ་བཅུ་དྲུག་ལས་མེད་ཀྱང
ཕ་བུ་གཉིས་ཀས་ད་དུང་བཅུ་དྲུག་ལ་བསྒུག་ཆོག
འཚོ་བ་མཛེས་རིས་མིན་ཡང      ང་ཚོས་ཇུས་འགོད་དཀའ་ཡང
གསལ་དྲགས་པའི་རྨི་ལམ་གྱི་གཞུང་ལ
ཕན་ཚུན་གྱི་དྲོད་ཁོལ་སྒོམ་དོན
དགུན་ཟླ་རིང་དྲགས་པ་མིན་ན
ཁོ་མོ་འབྱོར་འཕྱིས་པས་ལོས་ཡིན
༣༠༠༣         ༤                ༡༨
                        ང་ལུས་སོང༌། བརྩེ་དུང་གི་གཏམ་རྒྱུད་ལུས་སོང༌།
མཚོ་ཟེར་བའི་བུ་མོ་ཞིག་བུད་སོང
ངའི་བརྩེ་དུང་ཁྱེར་སོང      སྙན་ངག་ལུས་སོང
སྙན་ངག་འདྲ་བའི་མཚོ་བུད་སོང      བརྩེ་དུང་གི
སྙན་ངག་ལས་བུད་སོང          ང་ལུས་སོང
ལོ་ཟླ་བུད་སོང              ངའི་ལང་ཚོ་ཡང་ཁྱེར་སོང
ང་ལུས་སོང                    བརྩེ་དུང་གི་གཏམ་རྒྱུད་ལུས་སོང

མཚོ་བུད་སོང                ལོ་ཟླ་ལུས་སོང
ངའི་སྙན་ངག་ཁྱེར་སོང          བརྩེ་དུང་ལུས་སོང
མི་ལོ་བཅུ་གསུམ་བུད་སོང        རྨ་ཁ་ལུས་སོང
སྐྱོ་གདུང་བུད་སོང            ངའི་སྤྲོ་དགའ་ཡང་ཁྱེར་སོང
ང་ལུས་སོང          བརྩེ་དུང་གི་གཏམ་རྒྱུད་ལུས་སོང

མཚོ་བུད་སོང           སེམས་གཅོང་ལུས་སོང
ངའི་གླུ་ངག་གི་ཚིག་འབྲུ་ཁྱེར་སོང         ང་ལུས་སོང
བརྩེ་དུང་བུད་སོང                ལང་ཚོ་ལུས་སོང
ལང་ཚོའི་དུས་ཀྱི་དོན་སྙིང་ཁྱེར་སོང    སྙན་ངག་ལུས་སོང
མཚོ་ཟེར་བའི་བུ་མོ་ཞིག་བུད་སོང     
ང་ལུས་སོང     བརྩེ་དུང་གི་གཏམ་རྒྱུད་ལུས་སོང
༢༠༠༣。༡༠。༡༠

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ལུས་སོང༌།བརྩེ་དུང་གི་གཏམ་རྒྱུད་ལུས་སོང༌།

2010-05-22 འབར་རྡེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།