གྱེས་ཁའི་ཞུ་མཆིད།

                                                                                          རང་ཉིད་ཀྱི་སྐབས་ལྔ་བའི་མཐར་ཕྱིན་སློབ་མར་ཕུལ།
ཞོགས་པའི་ལུག་ཁྱུ་བཞིན་གཤར་སོང་བའི་ཤུལ་དུ་འགྲེང་སྟེ
གནམ་ས་འདྲེས་མཚམས་ཀྱི་ཁྱེད་ཅག་གི་རྒྱབ་གཟུགས་ལ་ཅེར་ནས
ངས   འདི་ལྟར་བརྗོད་ན་འདོད་བྱུང

སྐད་ཅིག   མུ་མཐུད་དུ་སྐྱོད་ཅིག
འོད་ཀྱི་ལམ་སྣེ་དེ་སྙེགས་ནས་སྐྱོད་ཅིག
སེམས་པ་ཁྲི་ཕྲག་གིས་ཁྱེད་ཅག་ལ
རེ་བའི་མིག་ཟུང་བགྲད་ནས་ཡོད
མི་རིགས་འཐེང་བོ་འདིས་ཁྱེད་ཅག་ལ
མགོ་བོའི་ལྟག་རྒྱབ་ཁེན་ནས་ཡོད

སེམས་ལ་ཟུངས   ནམ་ཡང་སེམས་ལ་ཟུངས
འབྱུང་བྱའི་ལོ་ཟླའི་ཁུགས་སོ་རེ་རེ་ནས་སེམས་ལ་ཟུངས
སྙིང་སྟོབས་དང་རང་ཚུགས་དེ་ཁྱོད་ཀྱི་རྐང་བ་ཡིན
དེམེད་ན་འགྲོ་བའི་གོ་སྐབས་ཕྲ
བརྩོན་འགྲུས་དང་ཨུ་ཚུགས་དེ་ཁྱོད་ཀྱི་གཤོག་ཟུང་ཡིན
དེ་མིན་ན་འཕུར་བའི་བསྐལ་བ་དབེན

སྨོན་འདུན་ཞུ  རྟག་ཏུ་སྨོན་འདུན་ཞུ
སེམས་ཁུང་རུས་པའི་གསེང་ནས་ཁྱོད་ལ་སྨོན་འདུན་ཞུ
འགྲུལ་བཞུད་ཀྱི་ལམ་ཁ་དག་ནས
ཁྱོད་ལ་དངུལ་གྱི་ཟླ་བ་ལྟ་བུའི་འཐོབ་བྱ་རེ་ཡོད་པར་སྨོན
སོང་སོང་བའི་མཐའ་འབྲས་ཞིག་ལ
ཁྱོད་ནི་གསེར་གྱི་ཉི་མ་ལྟ་བུའི་འོད་གོར་ཞིག་ཡིན་པར་སྨོན
                                                                    ༢༠༠༩ལོའི་ཟླ༧པའི་ཚེས་༥ལ།

རྩོམ་ཁུངས། རྨ་ཆུའི་སྙན་ངག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྱེས་ཁའི་ཞུ་མཆིད།

2010-05-22 མ་ངེས་ར་གདུགས། ཀློག་གྲངས། མཆན ཡོད།

                                                                                          རང་ཉིད་ཀྱི་སྐབས་ལྔ་བའི་མཐར་ཕྱིན་སློབ་མར་ཕུལ།
ཞོགས་པའི་ལུག་ཁྱུ་བཞིན་གཤར་སོང་བའི་ཤུལ་དུ་འགྲེང་སྟེ
གནམ་ས་འདྲེས་མཚམས་ཀྱི་ཁྱེད་ཅག་གི་རྒྱབ་གཟུགས་ལ་ཅེར་ནས
ངས   འདི་ལྟར་བརྗོད་ན་འདོད་བྱུང

སྐད་ཅིག   མུ་མཐུད་དུ་སྐྱོད་ཅིག
འོད་ཀྱི་ལམ་སྣེ་དེ་སྙེགས་ནས་སྐྱོད་ཅིག
སེམས་པ་ཁྲི་ཕྲག་གིས་ཁྱེད་ཅག་ལ
རེ་བའི་མིག་ཟུང་བགྲད་ནས་ཡོད
མི་རིགས་འཐེང་བོ་འདིས་ཁྱེད་ཅག་ལ
མགོ་བོའི་ལྟག་རྒྱབ་ཁེན་ནས་ཡོད

སེམས་ལ་ཟུངས   ནམ་ཡང་སེམས་ལ་ཟུངས
འབྱུང་བྱའི་ལོ་ཟླའི་ཁུགས་སོ་རེ་རེ་ནས་སེམས་ལ་ཟུངས
སྙིང་སྟོབས་དང་རང་ཚུགས་དེ་ཁྱོད་ཀྱི་རྐང་བ་ཡིན
དེམེད་ན་འགྲོ་བའི་གོ་སྐབས་ཕྲ
བརྩོན་འགྲུས་དང་ཨུ་ཚུགས་དེ་ཁྱོད་ཀྱི་གཤོག་ཟུང་ཡིན
དེ་མིན་ན་འཕུར་བའི་བསྐལ་བ་དབེན

སྨོན་འདུན་ཞུ  རྟག་ཏུ་སྨོན་འདུན་ཞུ
སེམས་ཁུང་རུས་པའི་གསེང་ནས་ཁྱོད་ལ་སྨོན་འདུན་ཞུ
འགྲུལ་བཞུད་ཀྱི་ལམ་ཁ་དག་ནས
ཁྱོད་ལ་དངུལ་གྱི་ཟླ་བ་ལྟ་བུའི་འཐོབ་བྱ་རེ་ཡོད་པར་སྨོན
སོང་སོང་བའི་མཐའ་འབྲས་ཞིག་ལ
ཁྱོད་ནི་གསེར་གྱི་ཉི་མ་ལྟ་བུའི་འོད་གོར་ཞིག་ཡིན་པར་སྨོན
                                                                    ༢༠༠༩ལོའི་ཟླ༧པའི་ཚེས་༥ལ།

རྩོམ་ཁུངས། རྨ་ཆུའི་སྙན་ངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།