གྲོང་ཁྱེར་དང་བདག

རི་སྔོན་བླ་མ་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-21

ཡུལ་འདི་ནས

ནམ་མཁའ་དང་ས་གཞི

རྩྭ་ཐང་དང་ལུག་ཁྱུ་ཅི་ཡང་མི་མཐོང

ཐ་ན་རང་བྱུང་གི་རྩི་ཏོག་རྐང་གཅིག་ཙམ་ཡང

 

ཆ་འཕྲིན་དང་ཚོང་རྫས་ཀྱི་རིགས་སྣ་ཚོགས

དར་བཟོ་ཆེ     གྲོང་ཁྱེར་འདི

མིའི་རིགས་ཀྱི

གནའ་སྔ་མོ་སྔ་མོ་ཞིག་ལ་བསྡུར་ཐབས་མི་འདུག

 

འུར་ཟིང་དང་བྲེལ་འཚུབ

ཁང་བརྩེགས་དང་ནམ་ཡང་ཆ་རྒྱུས་མེད་པ་དེ་དག

ཡང་ན་བཀར་ཡོལ་ཁར་འབུ་ནག་འཚང་བ་ལྟ་བུའི་ཚོགས་པ་ཆེ་ཆུང་ཡོད་ཚད

ཞིབ་ཏུ་བསམ་ན

སྨྱོ་ཧམ་ཆེ་བའི་གྲོང་ཁྱེར་འདི་ནས

ཡུན་རིང་ལ་འཚོ་རྒྱུ་ཇི་འདྲའི་དཀའ

 

སྙིང་རྗེ་མེད་པའི་གཤེད་མ་ཇི་བཞིན

ཁྲོ་ཉམས་དང་གདུག་རྩུབ་ཀྱི་རྣམ་པས   གྲོང་ཁྱེར་འདིས

ང་ལ་ཡང་དང་བསྐྱར་དུ་བརྙས་བཅོས་གནང

བྱེད་ཐབས་གཞན་ཞིག་བཀོལ་ཕ་ལྐོག་གསོད་ཀྱང་གོཏང་རྩིས་བྱེད

 

 

 

མི་དང་ནད།

རྩ་དང་རྩ་ལམ       ཤ་དང་རུས་པ

ཐ་ན་རྐང་ལག་ཡན་ལག་ཐམས་ཅད་ལའང

མི་སྡུག་པའི་ན་རྒྱུ་གཟེར་རྒྱུ་ཇི་འདྲའི་མང

 

ཤ་དང་ཁྲག་གི་སྟོབས་ཤུགས་ཤོར

མིག་དང་དབང་བོའི་ནུས་པ་ཉམས

ངའི་ཕྱི་ནང་བར་གསུམ་རྨ་ཁས་ཁྱབ

ལུས་སེམས་གཉིས་ཀར་མནར་གཅོད་ཀྱིས་ཁེངས

བ་སྤུའི་བུ་ག་རེ་རེ་རྣག་གིས་བསྙལ

 

སོ་སྒྲ་ཐག་ཐག        སྐད་ངག་འདར་འདར

མགོ་སྐྲ་དང་ལྷུ་ཚིགས་མཉམ་དུ་ཐོར

སྨྲ་བརྗོད་དང་དབུགས་རྒྱུའང་གློ་བུར་བསྡད

ལྷ་རྗེ་ལགས      ང་རང་མྱུར་དུ་ནད་ཡམས་ལས་སྐྱོབ་རོགས་མཛོད

༢༩༩༩           ༢༠ཉིན་བླ་བྲང་དུ་སྦྱར།

རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོང་ཁྱེར་དང་བདག

2010-04-21 རི་སྔོན་བླ་མ་ཐར། ཀློག་གྲངས། མཆན ཡོད།

ཡུལ་འདི་ནས

ནམ་མཁའ་དང་ས་གཞི

རྩྭ་ཐང་དང་ལུག་ཁྱུ་ཅི་ཡང་མི་མཐོང

ཐ་ན་རང་བྱུང་གི་རྩི་ཏོག་རྐང་གཅིག་ཙམ་ཡང

 

ཆ་འཕྲིན་དང་ཚོང་རྫས་ཀྱི་རིགས་སྣ་ཚོགས

དར་བཟོ་ཆེ     གྲོང་ཁྱེར་འདི

མིའི་རིགས་ཀྱི

གནའ་སྔ་མོ་སྔ་མོ་ཞིག་ལ་བསྡུར་ཐབས་མི་འདུག

 

འུར་ཟིང་དང་བྲེལ་འཚུབ

ཁང་བརྩེགས་དང་ནམ་ཡང་ཆ་རྒྱུས་མེད་པ་དེ་དག

ཡང་ན་བཀར་ཡོལ་ཁར་འབུ་ནག་འཚང་བ་ལྟ་བུའི་ཚོགས་པ་ཆེ་ཆུང་ཡོད་ཚད

ཞིབ་ཏུ་བསམ་ན

སྨྱོ་ཧམ་ཆེ་བའི་གྲོང་ཁྱེར་འདི་ནས

ཡུན་རིང་ལ་འཚོ་རྒྱུ་ཇི་འདྲའི་དཀའ

 

སྙིང་རྗེ་མེད་པའི་གཤེད་མ་ཇི་བཞིན

ཁྲོ་ཉམས་དང་གདུག་རྩུབ་ཀྱི་རྣམ་པས   གྲོང་ཁྱེར་འདིས

ང་ལ་ཡང་དང་བསྐྱར་དུ་བརྙས་བཅོས་གནང

བྱེད་ཐབས་གཞན་ཞིག་བཀོལ་ཕ་ལྐོག་གསོད་ཀྱང་གོཏང་རྩིས་བྱེད

 

 

 

མི་དང་ནད།

རྩ་དང་རྩ་ལམ       ཤ་དང་རུས་པ

ཐ་ན་རྐང་ལག་ཡན་ལག་ཐམས་ཅད་ལའང

མི་སྡུག་པའི་ན་རྒྱུ་གཟེར་རྒྱུ་ཇི་འདྲའི་མང

 

ཤ་དང་ཁྲག་གི་སྟོབས་ཤུགས་ཤོར

མིག་དང་དབང་བོའི་ནུས་པ་ཉམས

ངའི་ཕྱི་ནང་བར་གསུམ་རྨ་ཁས་ཁྱབ

ལུས་སེམས་གཉིས་ཀར་མནར་གཅོད་ཀྱིས་ཁེངས

བ་སྤུའི་བུ་ག་རེ་རེ་རྣག་གིས་བསྙལ

 

སོ་སྒྲ་ཐག་ཐག        སྐད་ངག་འདར་འདར

མགོ་སྐྲ་དང་ལྷུ་ཚིགས་མཉམ་དུ་ཐོར

སྨྲ་བརྗོད་དང་དབུགས་རྒྱུའང་གློ་བུར་བསྡད

ལྷ་རྗེ་ལགས      ང་རང་མྱུར་དུ་ནད་ཡམས་ལས་སྐྱོབ་རོགས་མཛོད

༢༩༩༩           ༢༠ཉིན་བླ་བྲང་དུ་སྦྱར།

རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།