སྤྲིན།

རི་སྔོན་བླ་མ་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-18

ཁྱོད་ཁ་རོག་གེར་མཐོ་སྒང་གི་ཡུལ་དུ་སླེབས་པ
སུས་ཀྱང་ཚོར་མ་བྱུང་ལ   སུས་ཀྱང་ཐོས་མ་བྱུང
ཁྱོད་དེ་ལྟར་འཆར་ཀའི་ཉི་གཞོན་ལ་དཔུང་བ་གཤིབ་ནས
གངས་དཀར་ལྷུན་པོའི་དབུ་རྩེ་ལ་དམ་དུ་འཁྱུད་ཅིང
བྲག་དང་ཤུག་པ་རེ་ལ་དུང་བའི་འོ་ཡིས་རེག་བཞིན
བསིལ་རླུང་འཇམ་པོ་གྲོགས་སུ་སྦྲན་ནས
ཡངས་བའི་རྩྭ་ཐང་འདི་ལ་འདོད་པའི་ཆར་ཆུ་ཡང་བསྩལ

ནམ་མཁའ་སྔོན་པོའི་དབྱིངས་རིམ་བརྒྱུད
གནས་འདི་ཡི་རི་རབ་དང་ནགས་ཚལ་ཡོད་ཚད་ཤུལ་དུ་བཞག་ནས
ཞེན་ཆགས་ཀྱི་ཕྱི་མིག་ཙམ་ཡང་མེད་པར
ད་ལྟ་ཡུལ་ཕྱོགས་གང་ཞིག་ཏུ་འགྲོའམ
དར་དཀར་གྱི་ཤམ་བུ་དཀྲིས་པའི་ན་ཆུང་གི་བུ་མོ

དེ་ནས་བཟུང
ང་རང་བཀྲེས་སྐོམ་གྱིས་མནར་བའི་སྐྱ་ཟད་སྔོ་སྡུག་གི་རི་ཀླུང་དེ་དང་འདྲ་བས
ཁྱོད་ཀྱིས་བརྩེ་བའི་ཆར་ཆུ་ཞིག་སྩོལ་རོགས་མཛོད

རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲིན།

2010-04-18 རི་སྔོན་བླ་མ་ཐར། ཀློག་གྲངས། མཆན ཡོད།

ཁྱོད་ཁ་རོག་གེར་མཐོ་སྒང་གི་ཡུལ་དུ་སླེབས་པ
སུས་ཀྱང་ཚོར་མ་བྱུང་ལ   སུས་ཀྱང་ཐོས་མ་བྱུང
ཁྱོད་དེ་ལྟར་འཆར་ཀའི་ཉི་གཞོན་ལ་དཔུང་བ་གཤིབ་ནས
གངས་དཀར་ལྷུན་པོའི་དབུ་རྩེ་ལ་དམ་དུ་འཁྱུད་ཅིང
བྲག་དང་ཤུག་པ་རེ་ལ་དུང་བའི་འོ་ཡིས་རེག་བཞིན
བསིལ་རླུང་འཇམ་པོ་གྲོགས་སུ་སྦྲན་ནས
ཡངས་བའི་རྩྭ་ཐང་འདི་ལ་འདོད་པའི་ཆར་ཆུ་ཡང་བསྩལ

ནམ་མཁའ་སྔོན་པོའི་དབྱིངས་རིམ་བརྒྱུད
གནས་འདི་ཡི་རི་རབ་དང་ནགས་ཚལ་ཡོད་ཚད་ཤུལ་དུ་བཞག་ནས
ཞེན་ཆགས་ཀྱི་ཕྱི་མིག་ཙམ་ཡང་མེད་པར
ད་ལྟ་ཡུལ་ཕྱོགས་གང་ཞིག་ཏུ་འགྲོའམ
དར་དཀར་གྱི་ཤམ་བུ་དཀྲིས་པའི་ན་ཆུང་གི་བུ་མོ

དེ་ནས་བཟུང
ང་རང་བཀྲེས་སྐོམ་གྱིས་མནར་བའི་སྐྱ་ཟད་སྔོ་སྡུག་གི་རི་ཀླུང་དེ་དང་འདྲ་བས
ཁྱོད་ཀྱིས་བརྩེ་བའི་ཆར་ཆུ་ཞིག་སྩོལ་རོགས་མཛོད

རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།