ལོ་ཟླ།
ང་རང་བྱིས་པའི་དུས་སུ
ནམ་མཁའ་དེ་དེ་འདྲའི་སྔོ
མཚམས་སྤྲིན་ཡང་དེ་འདྲའི་མཛེས
ང་རང་བྱིས་པའི་དུས་སུ
རི་བོ་དེ་དེ་འདྲའི་མཐོ
རྩྭ་ཐང་དེ་དེ་འདྲའི་ཡངས
ང་རང་བྱིས་པའི་དུས་སུ
ཆུ་བོ་དེ་དེ་འདྲའི་དྭངས་པ་ལ
མེ་ཏོག་དེ་དེ་འདྲའི་ཡག་པ་ལ
ད་ལྟ འདང་རེ་བརྒྱབ་ན
ངའི་ལྷད་མེད་པའི་བྱིས་བློ་ཡོད་ཚད
རྨེག་མེད་དུ་བཟོ་མཁན་སུ་ཡིན
རྩོམ་ཁུངས། ཡུལ་ལ་ལོག་པའི་ལམ་བར་དུ།