སེམས་པ་སྡུག་ཉིན་ཤིག་ལ།

སེམས་པ་ཞིག་མ་ངུས་པའི་ཡར་སྔོན་ཞིག་ལ

མིག་ཆུ་ནི་ངོ་གདོང་ནས་མར་ས་ལ་ལྷུང

ཁྱོད་ཀྱིས་སྨྲ་སྒོ་ད་དུང་གསང་བ་ཞིག་ཡིན་ནམ

ཡང་ན་གས་ཆག་མེད་པའི་རྡོ་ཡི་རིགས་ཤིག

ང་ནི་ད་དུང་ཁྱོད་ཀྱི་ཕྱོགས་སུ་ལྟ་མཁན

ཁྱོད་ཀྱི་གམ་ལ་གཅར་ཡོད

 

བསང་མེ་སྟུག་པོ་ཞིག་དོ་དགོང་གི་མཚམས་སྤྲིན་དང་མཉམ་དུ

ཡང་ན་དྲི་བསུང་ཞིམ་པའི་ཧ་ཅང་གི་གཙང་མ་ཞིག་དང་མཉམ་དུ

བདག་གི་ལམ་ཕྲན་དེ་རུ་གོམ་པ་སྤོ་ཤེས་པའི་ཕྱིར་ཏུ

ཡང་ན་མིའི་རིགས་ཤིག་གི་བསམ་དོན་འགྲུབ་པའི་ཆེད་དུ

 

དུ་བ་ནི་ང་ཡིས་འཐེནམི་ཤེས་པའི་གློ་འབུ་ཕྲ་མོ

ཝུ་ཆང་ནི་ང་ཡིས་འཐུང་བའི་སྐད་ཆའི་སྙིང་གཏམ

ཁྱོད་ད་དུང་རི་གྲོང་ཅིག་ནས་ལོ་ངོ་ཅི་ཙམ་ལ་སྡོད་དམ

བདག་གི་སྙིང་ཉེ་བའི་ཁྱོད་རང

 

བྱ་རྒོད་པོ་ནི་སུ་ཞིག་གི་ལུས་ཟུངས་ཟ་མཁན

འཆི་བདག་གིས་སུ་ཞིག་ལ་སྙིང་རྗེས་གཟིགས་སམ

རྣམ་ཤེས་ལགས  བདག་གི་སྙིང་དུ་སྡུག་པའི་རྣམ་ཤེས་ལགས

ཁྱོད་ཀྱི་ལྭ་བ་ནི་དུས་ནམ་ཞིག་ལ་ཕུད་ནས

སླར་ཡང་དུས་ནམ་ཞིག་ལ་གྱོན་དགོས་པ་རེད

དེ་དུས་ཆེས་སྲབ་པའི་ཕྱེ་མ་ལེབ་ཀྱི་གཤོག་པ་ཞིག་གམ

ཚོད་ཚོད་ལ་ཐེད་འགྲོ་བའི་ཤོག་ལྷེ་འཇམ་པོ

སྤྱི་ལོ༢༠༠༩ལོའི་ཟླ༧པའི་ཚེས༡༧ཉིན་རྨ་ཆུ་ནས།

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་པ་སྡུག་ཉིན་ཤིག་ལ།

2010-04-15 དུག་ཞགས། ཀློག་གྲངས། མཆན ཡོད།

སེམས་པ་ཞིག་མ་ངུས་པའི་ཡར་སྔོན་ཞིག་ལ

མིག་ཆུ་ནི་ངོ་གདོང་ནས་མར་ས་ལ་ལྷུང

ཁྱོད་ཀྱིས་སྨྲ་སྒོ་ད་དུང་གསང་བ་ཞིག་ཡིན་ནམ

ཡང་ན་གས་ཆག་མེད་པའི་རྡོ་ཡི་རིགས་ཤིག

ང་ནི་ད་དུང་ཁྱོད་ཀྱི་ཕྱོགས་སུ་ལྟ་མཁན

ཁྱོད་ཀྱི་གམ་ལ་གཅར་ཡོད

 

བསང་མེ་སྟུག་པོ་ཞིག་དོ་དགོང་གི་མཚམས་སྤྲིན་དང་མཉམ་དུ

ཡང་ན་དྲི་བསུང་ཞིམ་པའི་ཧ་ཅང་གི་གཙང་མ་ཞིག་དང་མཉམ་དུ

བདག་གི་ལམ་ཕྲན་དེ་རུ་གོམ་པ་སྤོ་ཤེས་པའི་ཕྱིར་ཏུ

ཡང་ན་མིའི་རིགས་ཤིག་གི་བསམ་དོན་འགྲུབ་པའི་ཆེད་དུ

 

དུ་བ་ནི་ང་ཡིས་འཐེནམི་ཤེས་པའི་གློ་འབུ་ཕྲ་མོ

ཝུ་ཆང་ནི་ང་ཡིས་འཐུང་བའི་སྐད་ཆའི་སྙིང་གཏམ

ཁྱོད་ད་དུང་རི་གྲོང་ཅིག་ནས་ལོ་ངོ་ཅི་ཙམ་ལ་སྡོད་དམ

བདག་གི་སྙིང་ཉེ་བའི་ཁྱོད་རང

 

བྱ་རྒོད་པོ་ནི་སུ་ཞིག་གི་ལུས་ཟུངས་ཟ་མཁན

འཆི་བདག་གིས་སུ་ཞིག་ལ་སྙིང་རྗེས་གཟིགས་སམ

རྣམ་ཤེས་ལགས  བདག་གི་སྙིང་དུ་སྡུག་པའི་རྣམ་ཤེས་ལགས

ཁྱོད་ཀྱི་ལྭ་བ་ནི་དུས་ནམ་ཞིག་ལ་ཕུད་ནས

སླར་ཡང་དུས་ནམ་ཞིག་ལ་གྱོན་དགོས་པ་རེད

དེ་དུས་ཆེས་སྲབ་པའི་ཕྱེ་མ་ལེབ་ཀྱི་གཤོག་པ་ཞིག་གམ

ཚོད་ཚོད་ལ་ཐེད་འགྲོ་བའི་ཤོག་ལྷེ་འཇམ་པོ

སྤྱི་ལོ༢༠༠༩ལོའི་ཟླ༧པའི་ཚེས༡༧ཉིན་རྨ་ཆུ་ནས།

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།