སེམས་ཉིད་གླིང༌།

འབའ་གཞུང་ཁྱུང་ཐར་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-14

ཡུན་རིང་ལ།           སྙན་ངག་མ་བྲིས་པའི་རྐྱེན་གྱིས།
ང་རང་རྒས་ཀྱིན་འདུག་སྟེ།         མི་ལོ་སུམ་ཅུའི།
གཅོང་རོང་ལྟ་བུའི།            རྒས་གཉེར་ཤུར་མོ་རེ་རེ།
ཟབ་དྲགས་ནས་རང་ཉིད་ཀྱང་ཐར་དཀའ་མོད།
སོ་ནམ་པའི་ཐོང་གཤོལ་ལ་འཁང་ར་ཅི་ཡང་མེད།
མི་ལོ་སུམ་ཅུའེཧ་རྩེ་རའང་རྒས་ཀྱིན་འདུག་སྟེ།
ཆུང་གྲོགས་བུ་མོ་ཚོར་ཆང་ས་བརྒྱབ་ནས།
རྔུལ་ཆུ་ཁྲོམ་ཁྲོམ་གྱིས་རིགས་རྒྱུད་ཀྱང་སྤེལ་ཟིན།

ཡུན་རིང་ལ།        སྙན་ངག་མ་བྲིས་པའི་རྐྱེན་གྱིས།
ང་རང་རྒས་ཀྱིན་པ་སྐྱོ་གར་ཞིག་སྟེ།
མེ་ལོང་དུ་བལྟས་ཚེ་མེ་ལོང་ཀྱང་རྒས་འགྲོ།
འཇའ་ཚོན་ལྟ་བུའི།      མེ་ཏོག་ལྟ་བུའི།
སྟོང་སེམས་རིང་པོ་དེའང་རྒས་དྲགས་ནས།
སྨ་ར་ཤིག་ཤིག     སྨྲ་བརྗོད་ཀྱང་མི་གསལ།

ཡུན་རིང་ལ།      སྙན་ངག་མ་བྲིས་པའི་རྐྱེན་གྱིས།
ང་ལ་རྟ་རྫི་དཔོན་ཆུང་ཞིག་གི་གོ་ས་ཐོབ་ཅིང༌།
ཚོགས་འདུ་ཁ་ཤས་སུ།
གསུང་བཤད་ཁ་ཤས་རྒྱ་སྐད་ཀྱིས་བརྒྱབ།
སྐབས་དེ་དག་ཏུ།   མང་ཚོགས་ཁ་ཤས་རུབ་ནས་ཡོང་སྟེ།
ཧ་ཅང་རྒས་དྲགས་པས་མིན་ན།
ཁྱོད་ཀྱི་དཔོན་ཚུགས་དེ་སྙན་ངག་དང་འདྲ་ཟེར།

                           ༼ང་སྨྲེང་ཚུལ།༽
དབྱངས་ཅན་སྒྲོལ་མ།    རང་ལོ་བཅུ་གཅིག་སྟེང་ལམ་དུ་ཆས།
ལྷད་མེད་དྭངས་གཙང་གི་བྱིས་བློ་ཁྱེར་ནས།
ཡུལ་ལྗོངས་འདིའི་གྲུ་ཁ་ཁ་ཤས་སྐོར་དུས།
ང་སྨྲེང་ནས།     མར་མེ་ལྟ་བུའི་མི་རིགས་འདི་ལ།
དུང་ཞེན་གྱི་ཁོག་འདར་ཕྲན་བུ་རྒྱག

དབྱངས་ཅན་སྒྲོལ་མ།       པི་ཝང་དང་རིང་ཐུང་མེད་པའི་གླུ་མ།
རང་ཉིད་ལྟ་བུའི་ནར་སོན་གྱིས་པའི།
བྱིས་པ་ཚོའི་འབྱུང་འགྱུར་ཁོ་ན་གླེང་དུས།
ང་སྨྲེང་ནས།    ལས་དབང་བཙན་པོའི་སྒོ་ལྕགས་ལ།
སྙན་ངག་ཁ་ཤས་བྲིས་ནས་ཡིན་ཁུལ་བྱས།

དབྱངས་ཅན་སྒྲོལ་མ།མི་རིགས་འདིའི་རྡོ་བ་ཇི་བཞིན་སྲ་ཞིང་མཁྲེགས་པས།
ང་ཚོ་སོང་ས་བསྡད་ཤུལ་དུ།
ཞེན་ཆགས་ཀྱི་མཆི་མ་རང་དགར་ཉིལ་བྱུང༌།
                                      ༡༩༩༨.༨.  ༢

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཉིད་གླིང༌།

2011-02-14 འབའ་གཞུང་ཁྱུང་ཐར་རྒྱལ། ཀློག་གྲངས། མཆན ཡོད།

ཡུན་རིང་ལ།           སྙན་ངག་མ་བྲིས་པའི་རྐྱེན་གྱིས།
ང་རང་རྒས་ཀྱིན་འདུག་སྟེ།         མི་ལོ་སུམ་ཅུའི།
གཅོང་རོང་ལྟ་བུའི།            རྒས་གཉེར་ཤུར་མོ་རེ་རེ།
ཟབ་དྲགས་ནས་རང་ཉིད་ཀྱང་ཐར་དཀའ་མོད།
སོ་ནམ་པའི་ཐོང་གཤོལ་ལ་འཁང་ར་ཅི་ཡང་མེད།
མི་ལོ་སུམ་ཅུའེཧ་རྩེ་རའང་རྒས་ཀྱིན་འདུག་སྟེ།
ཆུང་གྲོགས་བུ་མོ་ཚོར་ཆང་ས་བརྒྱབ་ནས།
རྔུལ་ཆུ་ཁྲོམ་ཁྲོམ་གྱིས་རིགས་རྒྱུད་ཀྱང་སྤེལ་ཟིན།

ཡུན་རིང་ལ།        སྙན་ངག་མ་བྲིས་པའི་རྐྱེན་གྱིས།
ང་རང་རྒས་ཀྱིན་པ་སྐྱོ་གར་ཞིག་སྟེ།
མེ་ལོང་དུ་བལྟས་ཚེ་མེ་ལོང་ཀྱང་རྒས་འགྲོ།
འཇའ་ཚོན་ལྟ་བུའི།      མེ་ཏོག་ལྟ་བུའི།
སྟོང་སེམས་རིང་པོ་དེའང་རྒས་དྲགས་ནས།
སྨ་ར་ཤིག་ཤིག     སྨྲ་བརྗོད་ཀྱང་མི་གསལ།

ཡུན་རིང་ལ།      སྙན་ངག་མ་བྲིས་པའི་རྐྱེན་གྱིས།
ང་ལ་རྟ་རྫི་དཔོན་ཆུང་ཞིག་གི་གོ་ས་ཐོབ་ཅིང༌།
ཚོགས་འདུ་ཁ་ཤས་སུ།
གསུང་བཤད་ཁ་ཤས་རྒྱ་སྐད་ཀྱིས་བརྒྱབ།
སྐབས་དེ་དག་ཏུ།   མང་ཚོགས་ཁ་ཤས་རུབ་ནས་ཡོང་སྟེ།
ཧ་ཅང་རྒས་དྲགས་པས་མིན་ན།
ཁྱོད་ཀྱི་དཔོན་ཚུགས་དེ་སྙན་ངག་དང་འདྲ་ཟེར།

                           ༼ང་སྨྲེང་ཚུལ།༽
དབྱངས་ཅན་སྒྲོལ་མ།    རང་ལོ་བཅུ་གཅིག་སྟེང་ལམ་དུ་ཆས།
ལྷད་མེད་དྭངས་གཙང་གི་བྱིས་བློ་ཁྱེར་ནས།
ཡུལ་ལྗོངས་འདིའི་གྲུ་ཁ་ཁ་ཤས་སྐོར་དུས།
ང་སྨྲེང་ནས།     མར་མེ་ལྟ་བུའི་མི་རིགས་འདི་ལ།
དུང་ཞེན་གྱི་ཁོག་འདར་ཕྲན་བུ་རྒྱག

དབྱངས་ཅན་སྒྲོལ་མ།       པི་ཝང་དང་རིང་ཐུང་མེད་པའི་གླུ་མ།
རང་ཉིད་ལྟ་བུའི་ནར་སོན་གྱིས་པའི།
བྱིས་པ་ཚོའི་འབྱུང་འགྱུར་ཁོ་ན་གླེང་དུས།
ང་སྨྲེང་ནས།    ལས་དབང་བཙན་པོའི་སྒོ་ལྕགས་ལ།
སྙན་ངག་ཁ་ཤས་བྲིས་ནས་ཡིན་ཁུལ་བྱས།

དབྱངས་ཅན་སྒྲོལ་མ།མི་རིགས་འདིའི་རྡོ་བ་ཇི་བཞིན་སྲ་ཞིང་མཁྲེགས་པས།
ང་ཚོ་སོང་ས་བསྡད་ཤུལ་དུ།
ཞེན་ཆགས་ཀྱི་མཆི་མ་རང་དགར་ཉིལ་བྱུང༌།
                                      ༡༩༩༨.༨.  ༢

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།