སྤོས་ཟིན་པའི་གོམ་འགྲོས།

རི་སྒང་གི་བྲག་ངོས་ལས་ལྷུང་བའི་འབབ་ཆུ་ཞིག་དང་འདྲ་བར།
སྤོས་ཟིན་པའི་གོམ་འགྲོས་དེ།  མེ་མཚམས་ཤིག་ལ་དྲག་ཏུ་བཞུར།
དེའི་སྟབས་ཀྱིས།    ལྡིང་བཞིན་པའི་སྙིང་གསོན་ཡོད་ཚད་ཀྱིས།
གདམ་ག་ཞིག་ལས་བཏུད་ཤིང་ཆེས་གསལ་བའི་ཁ་ཕྱོགས་ཏེ།
དུས་རབས་ཉེར་གཅིག་པ།

ཕར་ལངས་ཚུར་འཇགས་ཀྱི་དབྱངས་རྟར་བསྐྱོན་པའི་འགྱུར་ཁུགས་རེ་རེ།
རི་ཕྲེང་ནས་རི་ཕྲེང་གི་བྲག་ཅ་བརྒལ་བའི་རྗེས་སུ།
ཡུད་ཙམ་གནས་དེར་འཇགས་པ།          ཅི་ཞིག་ལ་རེ་སྒུག་བྱེད་པ་ཇི་བཞིན།
ལྷིང་འཇགས་ཀྱི་ཁྲོད་དུ།             སྤོས་ཟིན་པའི་གོམ་འགྲོས་ཁོ་ན།
མཚམས་འཇོག་མེད་པར་རྒྱང་རིང་གི་ཕྱོགས་སུ་འཕུར་ཞིང༌།
གནམ་མཐའ་རུ་ཁྲུང་ཁྲུང་དཀར་མོ་ཁྱུ་གཅིག་ཏུ་བརྫུས་ཏེ།
མུ་ནས་མུ་ལ་སྦྲེལ་ཏེ་སྔོན་དུ་འཕུར།

ཡིན་ངེས་ཡ།         མཐའ་མཇུག་གི་དུས་བརྒལ་ཅོང་སྒྲ་དེ་གྲགས་ལ་ཉེ།
ཡུན་རིང་ལ་སྙིང་དབུས་སུ་བསྙལ་བའི་འབྱུང་འགྱུར་གྱི་ཉི་མ་དེ།
ང་ཚོའི་མཐར་གཏུགས་ཀྱི་བརྒལ་ཐིག་ལགས་ཕྱིར།
སྐབས་དེ་དང་དེར་ང་ལ་སྨོན་ལམ་ཚིག་གཅིག་ལས་མ་མཆིས་ཏེ།
འཕུར་སྐྱོད་ཀྱིས་ཤིག         སྤོས་ཟིན་པའི་གོམ་འགྲོས

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤོས་ཟིན་པའི་གོམ་འགྲོས།

2010-12-11 བ་རེས། ཀློག་གྲངས། མཆན ཡོད།

རི་སྒང་གི་བྲག་ངོས་ལས་ལྷུང་བའི་འབབ་ཆུ་ཞིག་དང་འདྲ་བར།
སྤོས་ཟིན་པའི་གོམ་འགྲོས་དེ།  མེ་མཚམས་ཤིག་ལ་དྲག་ཏུ་བཞུར།
དེའི་སྟབས་ཀྱིས།    ལྡིང་བཞིན་པའི་སྙིང་གསོན་ཡོད་ཚད་ཀྱིས།
གདམ་ག་ཞིག་ལས་བཏུད་ཤིང་ཆེས་གསལ་བའི་ཁ་ཕྱོགས་ཏེ།
དུས་རབས་ཉེར་གཅིག་པ།

ཕར་ལངས་ཚུར་འཇགས་ཀྱི་དབྱངས་རྟར་བསྐྱོན་པའི་འགྱུར་ཁུགས་རེ་རེ།
རི་ཕྲེང་ནས་རི་ཕྲེང་གི་བྲག་ཅ་བརྒལ་བའི་རྗེས་སུ།
ཡུད་ཙམ་གནས་དེར་འཇགས་པ།          ཅི་ཞིག་ལ་རེ་སྒུག་བྱེད་པ་ཇི་བཞིན།
ལྷིང་འཇགས་ཀྱི་ཁྲོད་དུ།             སྤོས་ཟིན་པའི་གོམ་འགྲོས་ཁོ་ན།
མཚམས་འཇོག་མེད་པར་རྒྱང་རིང་གི་ཕྱོགས་སུ་འཕུར་ཞིང༌།
གནམ་མཐའ་རུ་ཁྲུང་ཁྲུང་དཀར་མོ་ཁྱུ་གཅིག་ཏུ་བརྫུས་ཏེ།
མུ་ནས་མུ་ལ་སྦྲེལ་ཏེ་སྔོན་དུ་འཕུར།

ཡིན་ངེས་ཡ།         མཐའ་མཇུག་གི་དུས་བརྒལ་ཅོང་སྒྲ་དེ་གྲགས་ལ་ཉེ།
ཡུན་རིང་ལ་སྙིང་དབུས་སུ་བསྙལ་བའི་འབྱུང་འགྱུར་གྱི་ཉི་མ་དེ།
ང་ཚོའི་མཐར་གཏུགས་ཀྱི་བརྒལ་ཐིག་ལགས་ཕྱིར།
སྐབས་དེ་དང་དེར་ང་ལ་སྨོན་ལམ་ཚིག་གཅིག་ལས་མ་མཆིས་ཏེ།
འཕུར་སྐྱོད་ཀྱིས་ཤིག         སྤོས་ཟིན་པའི་གོམ་འགྲོས

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།