འགོག་ཏུ་བྲལ་བའི་གདོང་བསུ།

གནའ་དུས་ནས།     སྤང་ལྗོངས་སུ་འཛུམ་པའི་ཚེ་སྲོག
ཐོག་མཐའ་གཉིས་ཀྱི་བར་མཚམས་ནས་ལམ་དུ་ཆས་སྐབས།
རི་ལུང་ཚང་མ་ད་དུང་ལྷིང་འཇགས་ཡིན།
དཔྱིད་དུས་ལ་བཏབ་ཅིང་སྟོན་གཞུང་ལ་སྨིན་པའི་རྨི་ལམ་ཡོད་ཚད།
དཀར་གསལ་གྱི་ཟླ་ངོགས་ནས་ལང་ཚོ་བརྟས་ཤིང༌།
རི་ཚོགས་ཀྱི་བར་གསེང་ནས་འགྲུལ་བཞུད་ལ་གདོང་བསུ་བྱས།

ཕྱོགས་བཞི་ནས་སྦྱིན་པའི་ཁ་བ་དང་སྐྱུར་བའི་བྲོ་བའམ།
མཚམས་བརྒྱད་ནས་ཕོག་པའི་འཇམ་པ་དང་རྩུབ་པའི་རེག་བྱ་ཡོད་ཚད།
མཐུག་དྲགས་པའི་སྤང་ཐང་གི་ཆེས་མཐོ་བའི་མཁའ་དབྱིངས་དང༌།
མིག་ཟུང་བཞིན་ས་ངོས་ན་འཛུམ་པའི་སྦྲ་ཚོགས་ཀྱི་སྐར་ཁུང་དེར་སིམ་དུས།
འཕྱིས་འོངས་པའི་ང་རང་དང་ཞི་འཇགས་ཀྱི་རི་ལུང་ལ།
ཆེས་ཐོག་མའི་ཐེ་གཏོགས་ཁྲོད་སྒུལ་གྱི་ལམ་སྣ་འདྲེན་མཁན།
ཕྱི་རོལ་དང་ནང་རོལ་གྱི་འཇིག་རྟེན་དག་ལས་ལྷགས་ཤིང༌།
ལག་རྡང་ལས་གྱེར་བའི་རུ་ཚོགས་ཀྱི་རོལ་དབྱངས་ལགས།

མགོན་ལྷ་དང་གྱེས་ཕྱག་བགྱིས་པའི་རྫི་གླུ་ཕྱི་མིག་གིས་འཕུར་ཞིང༌།
རིང་དུ་བྲལ་མ་མྱོང་བའི་ལུ་གུ་ཆུང་ཆུང་གི་ཁྱུ་ཚོགས་རྣམས།
ལྷས་འདབས་ཀྱི་བརྗེད་དཀའ་བའི་མེ་ཏོག་ལ་ཇི་འདྲ་ཞེན་ཡང༌།
སྒང་གཞུང་དང་གཙང་འགྲམ་དུ་ཡོད་ཚད་མེ་རུ་སྦར་སྟབས།
རི་ཁྲོད་ནས་སླེབས་ཤིང་ཐོ་རེངས་ལ་ཆས་པའི་རྟ་ཁྱུ་དེ།
ཅིས་ཀྱང་བར་མཚམས་འདི་ནས་བརྒྱུད་དགོས་བྱུང༌།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགོག་ཏུ་བྲལ་བའི་གདོང་བསུ།

2010-12-06 བ་རེས། ཀློག་གྲངས། མཆན ཡོད།

གནའ་དུས་ནས།     སྤང་ལྗོངས་སུ་འཛུམ་པའི་ཚེ་སྲོག
ཐོག་མཐའ་གཉིས་ཀྱི་བར་མཚམས་ནས་ལམ་དུ་ཆས་སྐབས།
རི་ལུང་ཚང་མ་ད་དུང་ལྷིང་འཇགས་ཡིན།
དཔྱིད་དུས་ལ་བཏབ་ཅིང་སྟོན་གཞུང་ལ་སྨིན་པའི་རྨི་ལམ་ཡོད་ཚད།
དཀར་གསལ་གྱི་ཟླ་ངོགས་ནས་ལང་ཚོ་བརྟས་ཤིང༌།
རི་ཚོགས་ཀྱི་བར་གསེང་ནས་འགྲུལ་བཞུད་ལ་གདོང་བསུ་བྱས།

ཕྱོགས་བཞི་ནས་སྦྱིན་པའི་ཁ་བ་དང་སྐྱུར་བའི་བྲོ་བའམ།
མཚམས་བརྒྱད་ནས་ཕོག་པའི་འཇམ་པ་དང་རྩུབ་པའི་རེག་བྱ་ཡོད་ཚད།
མཐུག་དྲགས་པའི་སྤང་ཐང་གི་ཆེས་མཐོ་བའི་མཁའ་དབྱིངས་དང༌།
མིག་ཟུང་བཞིན་ས་ངོས་ན་འཛུམ་པའི་སྦྲ་ཚོགས་ཀྱི་སྐར་ཁུང་དེར་སིམ་དུས།
འཕྱིས་འོངས་པའི་ང་རང་དང་ཞི་འཇགས་ཀྱི་རི་ལུང་ལ།
ཆེས་ཐོག་མའི་ཐེ་གཏོགས་ཁྲོད་སྒུལ་གྱི་ལམ་སྣ་འདྲེན་མཁན།
ཕྱི་རོལ་དང་ནང་རོལ་གྱི་འཇིག་རྟེན་དག་ལས་ལྷགས་ཤིང༌།
ལག་རྡང་ལས་གྱེར་བའི་རུ་ཚོགས་ཀྱི་རོལ་དབྱངས་ལགས།

མགོན་ལྷ་དང་གྱེས་ཕྱག་བགྱིས་པའི་རྫི་གླུ་ཕྱི་མིག་གིས་འཕུར་ཞིང༌།
རིང་དུ་བྲལ་མ་མྱོང་བའི་ལུ་གུ་ཆུང་ཆུང་གི་ཁྱུ་ཚོགས་རྣམས།
ལྷས་འདབས་ཀྱི་བརྗེད་དཀའ་བའི་མེ་ཏོག་ལ་ཇི་འདྲ་ཞེན་ཡང༌།
སྒང་གཞུང་དང་གཙང་འགྲམ་དུ་ཡོད་ཚད་མེ་རུ་སྦར་སྟབས།
རི་ཁྲོད་ནས་སླེབས་ཤིང་ཐོ་རེངས་ལ་ཆས་པའི་རྟ་ཁྱུ་དེ།
ཅིས་ཀྱང་བར་མཚམས་འདི་ནས་བརྒྱུད་དགོས་བྱུང༌།

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།