ས་ཁི་སི་རོལ་དབྱངས།

ལྷ་རྒྱལ་ཚེ་རིང༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-18

ཁྱོད་ཀྱི་བརྩེ་ཞེན་ཆེ་བའི་ངུད་མོའི་སྒྲ་དབྱངས་ཀྱིས།
བདག་སླར་ཡང་རྒྱང་དུ་སྐྱོད་པར་སྐུལ་མ་གཏོང༌།
མི་ཕྱེད་རྨད་དུ་བྱུང་བའི་གཡར་དམ་དེ་ཡི་སླད།
བདག་སླར་ཡང་སྟོན་མཇུག་གི་བཤུལ་ལམ་བརྒྱུད་དེ།
རྒྱང་དུ་སྐྱོད་པར་སྐུལ་མ་གཏོང༌།

ཁྱོད་ཉིད་བདག་གི་བརྩེ་བའི་སེམས་པར་བསྡོངས་ཏེ།
གནས་འདི་ནས་རྒྱང་དུ་ཕྱིན་ཅིང༌།
ཁྱོད་ཉིད་བདག་གི་ཐུན་མིན་སྐྱོ་ངལ་འགྲོགས་ཏེ།
གནམ་གྱི་ཕ་མཐའ་ནས་ཕྱིར་སླེབས་པས་ན།
བྱང་ཐང་གི་ལམ་དུ་ཞབས་རྡུལ་འཕྱུར་བྱུང༌།

ཁྱོད་ཀྱི་བརྩེ་བ་ཆེན་་པོའི་ངུད་མའོ་སྒྲ་དབྱངས་ལ་གསན་པས།
གསིག་རལ་དུ་འགྱུར་བའི་དར་ལྕོག་དག་གིས་ངུ་ཤུབ་བྱེད།
འཁྱགས་རླུང་གིས་བསྙིལ་བའི་སྡོང་ལོ་བྱེ་བ་ཁྲོམ་དུ་འཕྱན།
འཁོར་ལོ་དང་རྡོག་པས་ཡང་ཡང་བརྫིས་པའི་ཚགས་པར་ཐེད་པོ་ཞིག་གིས།
བྱང་དུ་འབྲེལ་བའི་ལམ་ན་འོ་དོད་འབྱིན་བཞིན་འཕག་འཚག་རྒྱག

ཁྱོད་ཀྱི་དུངས་ཞེན་ཟབ་པའི་ངུད་མོའི་སྒྲ་དབྱངས་ཁྲོད་ན།
འཚོ་གཞེས་ཀྱི་དཀའ་འདུག་གིས་མནར་བའི་མགོ་སྐྱེས་ནག་པོ།
ལྷགས་རླུང་དང་ཐལ་རྡུལ་གྱིས་ཀུན་ནས་གཟིངས་པར་བྱས།
གྱོན་པའི་རྙིང་ཧྲུལ་མནབས་པའི་ཡིད་གཞུང་དད་ལྡན་དེ་དག་གིས།
བརྐྱངས་ཕྱག་རིང་དུ་འཚལ་བཞིན་ཉི་མ་ལྷ་སར་སྙེག

ཁྱོད་ཀྱི་བརྩེ་བ་ཆེན་པོའི་ངུད་མོའི་སྒྲ་དབྱངས་ཁྲོད་དུ།
སྤྲིན་དཀར་གྱིས་འདབ་གཤོག་རྣམ་པར་བརྐྱངས་ཏེ།
སྔོ་བསངས་ནམ་མཁའི་རྒྱ་ཁྱོན་རྒྱ་ཆེར་བརྗོད།
རླུང་གི་དགའ་མའི་མཉེན་འཇམ་ལག་སོར་གྱིས།
བདག་གི་ཐུ་བའི་ཟུར་ནས་བཟུང་སྟེ་གསིག་འཐེན་བྱེད།

ཁྱོད་ཀྱི་བརྩེ་བ་ཆེན་པོའི་ངུད་མོའི་སྒྲ་དབྱངས་ལ་གསན་ཙ་ན།
མཚན་མོ་མཛའ་མོའི་མཉེན་འཇམ་སྐྲ་ལོའི་ཁྲོད་གཉིད་ལ་ཡུར་ཞིང༌།
སྐར་ཚོམ་གྱིས་འདུ་བྲལ་ཆགས་འཇིག་གི་སྐྱོ་སྣང་མཆི་མར་འདོན།
དྭངས་བསིལ་ཆུ་ངོས་ན་ཟླ་འོད་ཀྱི་བཞུར་འགྲོས་ཀྱིས་ནི།
དུས་ཀྱི་བཞུར་རྒྱུན་དང་མི་རྟག་མཚར་སྡུག་ང་ཚོར་སྤྱོམས།
 ཁྱོད་ཀྱི་དུང་ཞེན་ཆེ་བའི་ངུད་མོའི་སྒྲ་དབྱངས་ཀྱིས།
ཤེལ་ཀོང་དུ་བལྟམས་པའི་ཝུ་རག་འཕྱུར་ཞིང་འཇགས་པར་བྱས།
བཞིན་གྱི་ཕྱེད་ཀ་གྲིབ་མ་ཡིས་བསྒྲིབས་པའི་སྙིང་སྡུག་གཞོན་ནུ་མའི།
སྒྲོ་འགྲམ་ལ་བསྙེས་པའི་ཁེར་རྐྱང་གི་འདོད་ཞེན་གྱི་ངང་སྒུག་ལ།
སྨྲ་བརྗོད་ལས་འདས་པའི་སྐྱོ་ངལ་དང་མནར་གཅོད་བྱིན།

ཁྱོད་ཀྱི་བརྩེ་བ་ཆེན་པོའི་ངུད་མོའི་སྒྲ་དབྱངས་ཀྱིས།
བདག་གི་ཐོབ་དཀའ་བའི་སྤྲོ་སྐྱིད་ལ་སྐྱོ་སྣང་སྐྱེད།
བདག་གི་ལྷད་མེད་པའི་འདོད་འདུན་ལ་ཟུག་རྔུ་བསྩལ།
བདག་གི་བསྐྱུར་དཀའ་བའི་དྲན་སྣང་ལ་མཆི་མ་བསླངས།

བདག་གི་རྨད་དུ་བྱུང་བའི་སྨོན་འདུན་བདག་གིར་འཛིན་པའི།
ཁྱད་མཚར་ལ་གཡོར་མོ་མཛེས་པའི་གྲུ་འཛིངས་དེ་ཡིས་ནི།
ང་རང་གཅིག་པུར་རབ་ཁ་དེ་རུ་བསྐྱུར་ནས་རྒྱང་དུ་ཆས།
སྔོ་བསངས་རྒྱ་མཚོའི་ཀློང་ན་འདབ་ཆགས་ཀྱིས་གཤོག་འགྱུར་རྩེན།
མཚོ་རླུང་དང་ཁྱོད་ཀྱིས་བདག་གི་སྐྲ་ལོར་རེག་བཞིན་དངན་པ་འཐེན།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་ཁི་སི་རོལ་དབྱངས།

2010-11-18 ལྷ་རྒྱལ་ཚེ་རིང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།