མི་ཡུལ་གྱི་ལེ་ལོ།
ཡར་འབྲོག་གཡུ་མཚོ
སྔོ་ཡུག་ཡུག་གི་ནམ་མཁའ
དབུས་རོགས་གཞོན་ནུ་མ་དེས
གསེར་གྱི་རྣ་ལུང་ཡ་གཅིག་ཁྱོད་ལ་དྲན་རྟེན་དུ་ཕུལ
ད་དུང མོས་ཚེ་ཐོག་འདི་ནས
ཁྱོད་ལ་ཡང་བསྐྱར་ཐེངས་ཤིག་མཇལ་བར་སྨོན་ལམ་བཏབ
ཡར་འབྲོག་གཡུ་མཚོ
མི་ཡུལ་གྱི་མེ་ལོང
དབུས་རོགས་གཞོན་ནུ་མ་དེས
ང་ཚོར་ཁྱོད་ལ་དྲན་རྟེན་རེ་ཕུལ་ཞེས་སྐུལ
མོས་ཁྱོད་ཀྱི་མཛེས་སྡུག་མཐོང་ནས
སེམས་ཀྱི་སྐྱོ་བ་སངས་སོང་ཟེར
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།