ཁ་པར་ལ་ཉན་རྗེས།
ཁ་པར་ལ་ཉན་རྗེས
ངའི་སེམས་པ་གཞི་ནས་བདེ་བྱུང
ཁ་པར་ལས
ཕ་ཡུལ་ལ་ཆར་བ་ཐེངས་འགར་བབས་ཤིང
བྱེ་རླུང་གི་འཇབ་རྒོལ་རེ་ཞིག་ཡལ་བ་གོ་བྱུང
ཁ་པར་ལ་ཉན་རྗེས
ངའི་སེམས་གཞི་ནས་བདེ་བྱུང
ཁ་པར་ལས
ཁོ་མོས་དྲན་གདུང་དང་རེ་སྒུག་གི་ཀློང་ན
མིག་ཆུ་དང་རྨི་ལམ་ལྷན་དུ་བསྲེས་བ་ཤེས་བྱུང
ཁ་པར་ལ་ཉན་རྗེས
ངའི་སེམས་པ་གཞི་ནས་བདེ་བྱུང
ཁ་པར་ལས
བུ་ཆུང་གིས་གོམ་པའི་འདེགས་འཇོག་དང
བོད་སྐད་གཉིས་མཉམ་དུ་སློབ་པ་གོ་བྱུང
ཁ་པར་ལ་ཉན་རྗེས
ངའི་སེམས་པ་གཞི་ནས་བདེ་བྱུང
ཁ་པར་ལས
སྙིང་གཏམ་གྱི་བཞུར་རྒྱུན་བསིལ་མོས
ངའི་རེ་དོགས་ཀྱི་མེ་ལྕེ་ག་ལེར་བཅིལ་བྱུང
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།