ཆུ་ཐིགས།
དྭངས་མོ དྭངས་མོ་ཞིག
གཙང་དག གཙང་དག་ཅིག
ནམ་མཁའ་ལས་ཀྱང་ནམ་མཁའ་སྟེ ཆུ་ཐིགས
དྲ་མེད་དྭངས་གཙང་གི་འདུན་པ
མཁའ་ལ་ལྡང་ཞིང
ཞི་དུལ་བག་ཡོད་ཀྱི་གཤིས་རྒྱུད
སྤྲིན་ལ་འཐིམས་ཏེ མཛའ་སེམས་དུངས་ཞེན་གྱི་དབང་གིས
སླར་ཡང་རྫིང་བུའི་ཁྲོད་བབས
ཆུ་ཐིགས ཁ་དོག་སྔོན་པོ་དང་བསྒྱུར་ན་ཟུངས་ཁྲག་ཏུ་འགྱུར་བ
ཚེ་སྲོག་གི་རིན་ཐང་རེད
ཆུ་ཐིགས ཁ་དོག་ནག་པོ་དང་བསྒྱུར་ཚེ་ཁེར་རྐྱང་གི་ནམ་ཕྱེད་དེ
རྣམ་ཤེས་ཀྱི་ཚོ་ཁག་རེད
ཆུ་ཐིགས ཁ་དོག་དམར་པོ་དང་བསྒྱུར་ན
ད་གཟོད་མེ་ཏོག་ལྟ་བུའི འཇའ་ཚོན་ལྟ་བུའི
གཞོན་ནུ་མ་ཞིག་གི་བཞིན་རས་བཞིན
མི་ཚེའི་དབྱངས་རྟ་རེད
ཆུ་ཐིགས
འདི་ལྟར ཁ་དོག་གཞན་ལ་བསྒྱུར་ཚེ
རང་ཉིད་ད་དུང་ཆུ་ཐིགས་ཀྱི་ངོ་བོ་ཡིན་ནམ
ཆུ་ཐིགས
རྒས་ཟིན་པའི་ཆུ་ཐིགས་མཚེའུ་ཞིག་ཏུ་གྱུར་སོང
རྙོག་དྲི་དང་འདམ་རོ་ཐུལ་ཐུལ
རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།