རྔོན་པ་དང་རི་སྤྱང༌།

རི་ལུང་གི་གཏམ་རྒྱུད་ཁྱེར་བའི་རྔོན་པ་ཚོ
འབབ་ཀྱིན་པའི་ཆར་ཞོད་ཀྱི་ཁྲོད་ནས་ཡོང་དུས
འབྲུག་སྒྲ་དང་གློག་ཞགས་མེད་ནའང
རི་ངོས་ནས་འགྲིལ་བའི་རྦབ་རྡོ་རྣམས
བྲག་ཅས་བསྒུལ་བའི་བོའུ་སྐད་ལ་འདྲོགས

དུས་དེར་ཕྱོགས་མཚམས་ངེས་མེད་ནས
སྟ་གོན་ཡང་བྱེད་ཁོམ་མ་བྱུང་བའི
རི་སྤྱང་ཐམས་ཅད་འཐོར་རླུང་བཞིན
ཁྲག་གི་གཡུལ་ས་རེ་རེ་ནས་བྲོས་ཤིང
ཐར་ཐབས་མེད་པའི་རི་དྭགས་ཡོད་ཚད
བགྲོད་དཀའ་བའི་བྲག་ཐོག་ནས་བཞུད་སྐབས
བྲག་སྐྱིབས་ན་གཟིམ་པའི་འདབ་ཆགས་ཚོའང
གནའ་རབས་ཀྱི་བྱ་ཚང་ནས་འཕུར

རྣམ་ཤེསདང་འདྲ་བའི་རྔོན་པ་ཚོས་ནམ་ཡང
མེ་མདའི་སོ་བ་ལ་བརྒྱུས་པའི་ས་ཆ་དེ་ནས
ཀེང་རུས་མང་པོ་བུད་ཤིང་དུ་སྦར་ཏེ
ཟླ་འོད་དམར་པོ་ལྟ་བུའི་མེ་ངོགས་ནས
རྨ་ཁ་མང་པོ་གྱེན་དུ་གཟེངས་དུས
ཇག་ཚོགས་ཀྱིས་བདས་པའི་རི་སྤྱང་རྣམས
རྔོན་པ་ཚོའི་རྐང་རྗེས་ཀྱི་སྟེང་དུ་འགྲེང་སྟེ
སྨུག་སྤྲིན་ལང་ལོང་ཁྲོད་ཡལ་ཟིན་པའི
ཚེ་སྲོག་གང་མང་གི་གཟུགས་བརྙན་དང
གོ་འཛོལ་ཐེངས་གཅིག་མིན་པའི་གཏམ་རྒྱུད་གླེང

རྔོན་པ་ཚོ་རིམ་བཞིན་རྒས་ཤིང
རི་སྤྱང་རྣམས་ཀྱང་དེ་ལྟར་རྒས་དུས
ཁོར་ཡུག་ཡོད་ཚད་ཞི་འཇགས་ཡིན་ཡང
གྱ་གྱུའི་རྐང་ལམ་ལྟ་བུའི་ས་གཞི་དེ
སུ་ཞིག་གིས་བསྐྱུར་བའི་ཤུལ་རྗེས་དང
སུ་ཞིག་ལ་བཞག་པའི་མནོ་བསམ་ཡིན
                         ༡༩༩༥ལོའི་ཟླ༡༡པའི་ཚེས༢༦ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྔོན་པ་དང་རི་སྤྱང༌།

2010-10-15 བ་རེས། ཀློག་གྲངས། མཆན ཡོད།

རི་ལུང་གི་གཏམ་རྒྱུད་ཁྱེར་བའི་རྔོན་པ་ཚོ
འབབ་ཀྱིན་པའི་ཆར་ཞོད་ཀྱི་ཁྲོད་ནས་ཡོང་དུས
འབྲུག་སྒྲ་དང་གློག་ཞགས་མེད་ནའང
རི་ངོས་ནས་འགྲིལ་བའི་རྦབ་རྡོ་རྣམས
བྲག་ཅས་བསྒུལ་བའི་བོའུ་སྐད་ལ་འདྲོགས

དུས་དེར་ཕྱོགས་མཚམས་ངེས་མེད་ནས
སྟ་གོན་ཡང་བྱེད་ཁོམ་མ་བྱུང་བའི
རི་སྤྱང་ཐམས་ཅད་འཐོར་རླུང་བཞིན
ཁྲག་གི་གཡུལ་ས་རེ་རེ་ནས་བྲོས་ཤིང
ཐར་ཐབས་མེད་པའི་རི་དྭགས་ཡོད་ཚད
བགྲོད་དཀའ་བའི་བྲག་ཐོག་ནས་བཞུད་སྐབས
བྲག་སྐྱིབས་ན་གཟིམ་པའི་འདབ་ཆགས་ཚོའང
གནའ་རབས་ཀྱི་བྱ་ཚང་ནས་འཕུར

རྣམ་ཤེསདང་འདྲ་བའི་རྔོན་པ་ཚོས་ནམ་ཡང
མེ་མདའི་སོ་བ་ལ་བརྒྱུས་པའི་ས་ཆ་དེ་ནས
ཀེང་རུས་མང་པོ་བུད་ཤིང་དུ་སྦར་ཏེ
ཟླ་འོད་དམར་པོ་ལྟ་བུའི་མེ་ངོགས་ནས
རྨ་ཁ་མང་པོ་གྱེན་དུ་གཟེངས་དུས
ཇག་ཚོགས་ཀྱིས་བདས་པའི་རི་སྤྱང་རྣམས
རྔོན་པ་ཚོའི་རྐང་རྗེས་ཀྱི་སྟེང་དུ་འགྲེང་སྟེ
སྨུག་སྤྲིན་ལང་ལོང་ཁྲོད་ཡལ་ཟིན་པའི
ཚེ་སྲོག་གང་མང་གི་གཟུགས་བརྙན་དང
གོ་འཛོལ་ཐེངས་གཅིག་མིན་པའི་གཏམ་རྒྱུད་གླེང

རྔོན་པ་ཚོ་རིམ་བཞིན་རྒས་ཤིང
རི་སྤྱང་རྣམས་ཀྱང་དེ་ལྟར་རྒས་དུས
ཁོར་ཡུག་ཡོད་ཚད་ཞི་འཇགས་ཡིན་ཡང
གྱ་གྱུའི་རྐང་ལམ་ལྟ་བུའི་ས་གཞི་དེ
སུ་ཞིག་གིས་བསྐྱུར་བའི་ཤུལ་རྗེས་དང
སུ་ཞིག་ལ་བཞག་པའི་མནོ་བསམ་ཡིན
                         ༡༩༩༥ལོའི་ཟླ༡༡པའི་ཚེས༢༦ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།