མདའ་བཙན་པོའི་སྙན་ངག་གསར་བ་གཉིས།

                མི་རྙེད་པ་ཞིག་རྙེད་རྒྱུའི་དབང་དུ་བཏང་ན།
 
མི་རྙེད་པ་ཞིག་རྙེད་རྒྱུའི་དབང་དུ་བཏང་ན
དེ་ནི  ཤན་པའི་ལག་གི་རལ་གྲིས་ལུག་མི་གསོད་པར
ཡི་གེ་འབྲི་བའི་དུས་ཤིག་ཡིན་ངེས་ལ
ཤན་པ་ཁོ་རང་ཡང་ཉི་མའི་འོག་གི་མི་ཞིག་མ་ཡིན་པར
ཉི་མའི་སྟེང་གི་ལྷ་ཞིག་ཡིན་ངེས་པའི་དུས་སོ

མི་རྙེད་པ་ཞིག་རྙེད་རྒྱུའི་དབང་དུ་བཏང་ན
དེ་དུས  སྤྲང་བོའི་དཀར་ཡོལ་དུ་དགོས་པའང
ཟས་སྣ་ཐན་ཐུན་རེ་མ་ཡིན་པར
སྐར་མའི་ཆག་རོ་སྦྱོར་བྱེད་ཀྱི་སྤྱིན་ཆུ་ཞིག་གམ
སྤྲིན་པའི་ཚིག་རོ་དག་འབྱིད་སྤྱད་ཀྱི་ལག་རས་ཡང་མོ་ཞིག་ཡིན་ངེས

མི་རྙེད་པ་ཞིག་རྙེད་རྒྱུའི་དབང་དུ་བཏང་ན
ཚོང་བའི་ལས་ཀ་གཙོ་བོ་ནི་རྒྱུ་ནོར་བཙལ་རྒྱུ་དེ་མ་ཡིན་པར
རྒྱུ་ནོར་གྱི་མིང་ཙམ་གྱིས་ཀྱང
སྙིང་ཉེ་བའི་ཚོང་བ་ཞེ་མེར་རྒྱུ་དེ་ཡིན་ལ
དེ་དུས  རོང་བ་ཆེ་གེ་མོ་ཚང་གི་བོང་བུས་ཀྱང
སྙན་ངག་ཚན་པ་སྟོང་དང་བརྒྱ་བྲིས་ཡོད་ངེས

མི་རྙེད་པ་ཞིག་རྙེད་རྒྱུའི་དབང་དུ་བཏང་ན
རོལ་མོ་ནི་བཀྲོལ་རྒྱུ་ཞིག་མ་ཡིན་པར
དགྲ་དགོག་བྱེད་ཀྱི་མཚོན་ཆ་སྲ་མོ་ཞིག་ཡིན་ངེས་ལ
ཆར་སྤྲིན་གྱི་སིལ་མ་ཡང
ཉོན་མོངས་ཀྱི་ནག་ཐིགས་རེ་རེ་འཁྲུད་བྱེད་ཀྱི་མདེའུ་ཞིག་གོ

མི་རྙེད་པ་ཞིག་རྙེད་རྒྱུའི་དབང་དུ་བཏང་ན
ང་རང་ད་ལྟའི་རྐང་ཐང་གཅེར་བུ་འདི་མ་ཡིན་པར
འཕུར་རྒྱུ་ཡོད་པའི་མི་ངན་བློ་ཡིས་མི་ཐུབ་པ་ཞིག་སྟེ
འཐེན་གྱིན་པའི་དུ་སྣེའི་མེ་ཚེག་གིས
འཇའ་ཚོན་གྱི་གོས་སྣེ་ལ་མེ་གསུར་ཡང་ཡང་བྱ་ངེས

                 ངས་འདི་ལྟར་འདོད་བྱུང་།

མི་ཚང་མར་གཤོག་པ་རེ་ཐོགས་ན
རྐུན་མ་ཇེ་མང་དུ་འགྲོ་འམ  བར་སྣང་གི་སྤྲིན་པ་རྩོད་རེས་བྱས་ནས
འཛིང་རེས་ཇེ་མང་དུ་འགྲོ་འམ
ཡང་ན་ཆགས་སྲེད་ཀྱི་གླང་ཕྲུག་ལ་ལས
འཁྲིག་པ་བར་སྣང་ནས་སྤྱོད་དམ
དེ་ཡང་མིན་ན
བཟི་བོ་མང་པོས་གནམ་གྲུར་གདོང་ཐུག་བརྒྱབ་ནས
འཆི་བ་ཇེ་མང་དུ་འགྲོ་འམ
དགུན་ཁའི་ཕྱི་དྲོ་ཞིག་ལ  ངས་དེ་ལྟར་འདོད་བྱུང་།
 
རྩོམ་ཁུངས། མདའ་བཙན་པོའི་སྙན་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདའ་བཙན་པོའི་སྙན་ངག་གསར་བ་གཉིས།

2010-09-23 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།