འབྲོག་སྡེ་ཆེན་པོ།

བསང་མེ་ནི་ནམ་མཁའི་རྒྱན་ཆ་མཛེས་ཤོས་རེད
བསང་མེ་གཟིམས་རྗེས་སུ་ནམ་མཁའ་ཁེར་རྐྱང་དུ་ལུས་ཏེ
གདུང་བ་མཚོན་བྱེད་དུ་མིག་ཆུའི་དོད་ཀྱི་ཆར་བ་ཕབ་པར་གཞིགས་ན
རྫི་བོ་ཚོའི་མལ་སྟན་ལ་བརླན་གཤེར་ག་འདྲ་ལྡན་པ་ཁྱོད་ཀྱིས་དཔག་ཐུབ་བམ
རིམ་བཞིན   ཆར་བས་རྫི་བོ་ཚོའི་མལ་སྟན་བརྟོལ་ཏེ་སེམས་པ་བརླན་སོང
སེམས་པའི་བརླན་གཤེར་ནི་སྲིད་པ་འདིའི་དོན་སྙིང་ཡང་རེད
ཡང་རྫི་བོ་ཚོའི་རྨི་ལམ་ལས་གླག་གྲངས་མེད་མཁའ་དབྱིངས་སུ་འཕུར་སོང
མཐོང་སྣང་སོ་སོ་བའི་རྐྱེན་གྱིས
བདག་གིས་སྦྲའི་ཁ་ཚུབ་ལས་སྐྱེད་ཚལ་ཆེན་པོ་ཞིག་དང་དེའི་དབུས་ཀྱི
མཐོ་ནས་མཐོ་རུ་བརྩེགས་པའི་ཕོ་བྲང་ཆེན་པོ་དེ་མཐོང་བྱུང
འདི་ནི་འགྱིག་གིས་གྲུབ་པའི་བཙོན་ཁང་ལས་ཐར་མ་ཐག་པའི་སྐད་ཅིག་མ་དེར
ཐེངས་དང་པོར་མཐོང་བའི་རྟོག་བཏགས་ཀྱི་ཕ་ཡུལ་ཡང་རེད
ངའི་ཆུང་མ་ཕོ་བྲང་དེའི་བདག་མོ་ཡིན་སྐད
༢༠༠༣ལོའི་ཟླ༣པའི་ཕོ་ཚོས༢༤ཉིན།
                       ༼རྐུན་མ།༽
ཁྱོད་ཀྱིས་བརླ་སྒོའི་ཕུག་པར་སྦས་པའི
ཁེ་གྲི་དེ་ཅི་འདྲའི་རྣོ་བ་ལ་ཨང
དེས་འུ་གཉིས་སྦྲེལ་བྱེད་ཀྱི་རྣོ་སྐུད་བཅད་པར་གྱུར
ངའི་ལྟེ་བ་ལ་རྨ་ཁ་བཏོད་ཅིང
རོ་སྨད་ཁྲག་གིས་འཚོས་ནས་མལ་ཁྲི་བརླན་ནའང
ཁྱོད་རང་ཡར་ལངས་ནས་ང་ཡི་རུམ་ནས་བྲོས་ཤིང
བྲེལ་འཚུབ་ཀྱིས་སྤོས་པའི་གོམ་པས་རྐང་རྗེས་གང་ཡང་མ་བཞག
ཡིན་ནའང་ང་རང་གཉིད་ལས་སད་མ་ཐུབ
རྨི་ལམ་གྱི་གདུགས་དཀར་པོ་དེའི་འོག་ནས
ཤྭ་བ་ཁྱུ་གཅིག་སྨིག་རྒྱུའི་གསེབ་ཏུ་ཐིམ་ཚུལ་མཐོང་གིན་འདུག
ད་ལྟའང    ཁྱོད་ཀྱི་ཨམ་ཕྲག་ཏུ
ངའི་སྔས་འབོལ་འོག་ནས་བརྐུས་པའི་དངུལ་སྐར་ལི་གང་ཡོད་ཚོད་ཡིན
                                             ༢༠༠༣ལོའི་ཟླ༤པའི་ཕོ་ཚོས༡ཉིན།
                        ༼ང་ཡི་མལ་ཤག༽
རང་བཞིན་གྱིས་གྲུབ་པ་འདི་དག་ཇི་ལྟར་ཧྲུག་ཆག་ཏུ་གཏོང་ངམ
ཨེ་མ    རོལ་དབྱངས་ཀྱི་མལ་ཤག   ཤ་ཁྲག་གི་མལ་ཤག
གཅན་གཟན་གྱི་ལག་ནས་བཙན་ཤེས་ཀྱིས་འཕྲོག་པའི་ཤིང་གི་མལ་ཤག
ཆུ་ཁོལ་གྱིས་བཀང་བའི་ན་ནིང་གི་ཤེལ་ཕོར་དེ
དེ་རིང་གསར་དུ་ཉོས་པ་འདྲ་སྟེ
རང་གི་འདོད་པ་བཞིན་མིང་གསར་བ་ཇི་སྙེད་ཅིག་བཏགས་ཆོག
ཉི་མ་ནི་རིན་པ་སྤྲོད་དགོས་པའི་གློག་སྒྲོན་ཞིག་དང
ཟླ་བ་ནི་རྒྱ་སྐར་རྣམས་རྒྱང་ཕུད་གཏོང་མཁན་དེ་རེད
དཔེ་དེབ་ལས་ཤོར་བའི་མདའ་མོ་དག་གིས་གྱང་མཐུག་པོར་བུ་ག་གྲངས་མེད་བརྟོལ་བས
དུས་ལ་བབས་ཚེ་གྲང་འདར་ཡང་རྒྱག་དགོས་ཀྱིན་འདུག
ཁེར་ལབ་ལ་གོམས་ཉེས་པའི་རྐྱེན་གྱིས
སྨྲ་ལྕེ་མཉེན་མོས་ཀྱང་གྲང་འདར་རྒྱག་དགོས་ཀྱིན་འདུག
གང་ལྟར   ཐང་ཆད་དེ་མལ་ཐུལ་དུ་རྐང་བ་བརྐྱངས་པ་ཙམ་གྱིས
དུསཚིགས་དང   ཉིན་མཚན    ཤི་གསོན
རྒྱལ་ཕམ་སོགས་ཐ་སྙད་གྲངས་མེད་འཇིག་འགྲོ
ཨེ་མ    འཕྲུལ་འཁོར་གྱི་མལ་ཤག    བཤས་རའི་མལ་ཤག
གང་གིས་ཀྱང་བརླག་ཐབས་མེད་པའི་ནམ་མཁའི་མལ་ཤག
                                          ༢༠༠༣ལོའི་ཟླ༤པའི་ཚེས༢ཉིན།
                    ༼ཆོ་འཕྲུལ།༽
ངའི་ལུས་ལ་ཟུག་གཟེར་དྲག་པོ་བརྒྱབ་བྱུང
འདོད་སྲེད་དང་རྨི་ལམ་ཡང་པར་སྐྲུན་བརྒྱབ་ཟིན་པའི་ཤོག་བུ་དེ་ཚོའི་ངོས་ན
ཡིག་འབྲུ་རེ་རེ་དང་བཅས་མར་ཟགས་ཀྱིན་འདུག
ལུས་རྫས་ཀྱི་ར་བ་ཆེན་པོ་འདི་ང་གཅིག་པུས་གྲུབ་པ་འདྲ
ཀློག་པ་པོའི་ཁ་ནང་ནས་མེ་ལྕེ་མཆེད་བྱུང
ནམ་མཁའ་སྔོན་པོ་འདི་འཚིག་དགོས་པ་ཐག་གིས་ཆོད
འོན་ཀྱང    དེ་ཡི་སྔ་རོལ་ཏུ
དུ་སྨུག་མཐུག་པོ་འདིས་སྣང་བ་ཡོད་ཚད་མི་གསལ་བར་བསྒྱུར་འགྲོ
འཆི་བའི་ཅོང་བརྡ་དང་གཙང་པོའི་བཞུར་དབྱངས་ཀྱི་ཁྲོད་དུ
གཅིག་གཉིས་གསུམ་ཞེས     གཅིག་གཉིས་གསུམ་ཞེས
ཡང་དང་བསྐྱར་དུ་གཅིག་གཉིས་གསུམ་ཞེས་སུ་ལ་སྒུག་གམ
དྲན་པའི་གསེབ་ཀྱི་རྩེད་ར་དང་ལྷ་སྒྲུང
སྨོན་ལམ་དང་དམ་བཅའ    དྲག་ཆར་ཁྲོད་བོར་བའི་ཆུང་གྲོགས
དུར་ཁྲོད་ནས་དུམ་བུ་བརྒྱ་སྟོང་དུ་གཙབས་པའི་མེས་པོ
དེ་དག་གི་ཚིག་རོས་ཀྱང་སྒྲ་འབྱིན་པར་བྲེལ་བའི་མགྲིན་པ་བརྣངས་ཀྱིན་འདུག

སྙིང་དང་མཆིན་པ་བྲང་ཁོག་ནས་མར་ལྷུང་སོང
ཀེང་རུས་ནི་ཁེར་རྐྱང་གིས་མ་བཟོད་པར་འགྱེལ་སོང
རྣམ་ཤེས་ནི་མེ་ཏོག་དག་གི་རྣ་བར་ཤུ་སྒྲ་སྒྲོག་མཁན་གྱི་རླུང་བུ་དེ་རེད
                                   ༢༠༠༣ལོའི་ཟླ༤པའི་ཚེས༦ཉིན།
                                  ༼བརྩེ་གླུ།༽
ལྡེབས་རིས་དག་ལས་བསུབ་ཐབས་མེད་པ་ནི་ཆུ་ཚོད་འཁོར་ལོ་ཞིག་རེད
རྒྱུ་ནོར་དག་ལས་འབོར་ཐབས་མེད་པ་ནི་ཆུ་ཚོད་འཁོར་ལོ་ཞིག་རེད
སུ་ཞིག་གི་ནང་ཁྲོལ་དང་འདྲ་བའི་འདི་ཡི་ལྷུ་ལག་དག
ང་རང་གི་ཁོག་པར་བཅུག་ཚེ
ཧི་མ་ལ་ཡའི་རྩེ་མོར་འཛེགས་ཏེ་ཁྱོད་ཀྱི་ཕྱོགས་སུ་་རྒྱང་ལྟ་བྱེད་རྒྱུ་ནི་ཅི་འདྲའི་དཀའ་ཨང
འོན་ཀྱང   རི་སྐེད་ཀྱི་རྡོ་བའི་སྟེང་ལ་ང་ཡི་སྙན་ངག་བབས་ཚར་འདུག
རི་གཤམ་གྱི་གཙང་པོའི་ནང་ལ་ང་ཡི་རྨི་ལམ་ཐིམ་ཚར་འདུག
མ་ཚར་བའི་ལས་ཀ་དག་རྡུལ་གྱི་ས་བོན་རེ་རེ་བཞིན་ཉི་འོད་ཀྱི་རྨུ་ཐག་ལ་འབྱར་ཏེ
ཡིད་དུ་འོང་བའི་ལྷ་ཡུལ་གྱི་ཞིང་སར་འཐོར་ཚར་འདུག
དེ་བས     ད་བར་དུ་གཅེས་པར་བསྐྱངས་པའི་ལུས་པོ་འདིའི་ནང་ན
དྲོད་སྣང་ཡལ་བའི་ལྕགས་ཆས་འགའ་ལས་གཞན་ཅི་ཡང་མེད་དེ
དེ་དག་གིས་ཕན་ཚུན་ལ་བརྡར་བའི་སྒྲ་ལ་ཉན་བཞིན
བདག་གིས་ནི་ཁྲག་དང་ཁུ་བ    རྐང་དང་སྒལ་རྣག་སོགས་རེས་མོས་སུ་དྲན་སྲིད
མ་འོངས་པའི་སྐྱེད་མོས་ཚལ་དེ་ནས
ང་རང་གཉིས་སྟེས་དབང་གིས་མཉམ་དུ་འཛོམས་སྐབས
ཁྱོད་རང་འཁྲིག་པ་སྤྱོད་མཁན་མེད་པའི་སྡུག་བསྔལ་གྱིས་མནར་སྲིད
མཛའ་མོ་ཡ    ཁྱོད་རང་མ་ཡུམ་སུ་ཞིག་གི་བུ་སྣོད་དུ་འཕོ་རྩིས་ཡོད།
                                         ༢༠༠༣ལོའི་ཟླ༤པའི་ཚེས༨ཉིན།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།