འགྲུལ་བཞུད་ཐེངས་ཤིག་གི་བློས་བསླངས།

རྡོ་སྦིས་ཚེ་རིང་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-17

ཟླ་དྲུག་པའི་མཐོ་སྒང་གི་མཁའ་དབུགས་འདིའི་ནམ་མཁའ་བཞིན་དྭངས
རང་བྱུང་ཁམས་ཀྱི་བརྩེ་འགྱུར་ཆེས་ཟབ་པའི་དུས་ཚིགས་ཀྱི་ངོགས་ན
མེ་ཏོག་གི་འཛུམ་བག་རྒོད་ཅིང་ཉི་འོད་ཀྱི་དྲོད་ཁོལ་འཇམ
བསམ་གཞིགས་ཟུར་གསུམ་མའི་བློས་བསླངས་ཀྱི་འཁོར་ཚུགས་ཤིག་གིས
ང་ཚོའི་སེམས་ཡན་རླུང་བུ་བཞིན་སྒུལ
སྡོད་མ་ཚུགས་པའི་དུས་ཚིགས་འདིར
ཅི་ཞིག་ཐོབ་འདོད་ཀྱི་ཞེན་ཁ་སྔར་ལས་དྲགས
སེམས་ངལ་འདིས  ང་ཚོ་སུ་ཞིག་གི་བློ་ཁ་བདེར་བབ་མྱོང?

ང་ཚོ   ས་སྒང་འདིའི་མཐོ་སར་རླུང་བུ་བཞིན་ལྡང་བའི་ང་ཚོ
རྒྱུས་མེད་ས་མཐའ་རུ་ཡུ་མོ་བཞིན་འཁྱམས་པའི་ང་ཚོ
སེམས་པའི་མཁའ་དབྱིངས་སུ་གླག་མོ་བཞིན་བསྐྱོད་པའི་ང་ཚོ
དད་འདུན་ཟབ་མོའི་སེམས་འགྱུ་གདངས་དབྱངས་སུ་བཀུག་ཅིང
མི་ལོ་དུ་མའི་དད་སྟོབས་ལམ་གྲོགས་སུ་ཉན་ནས
ཐོག་དང་པོར   ཁྱེད་ཕྱོགས་སུ་ཡུན་གྱིས་བཅར
རི་རབ་དང་གཙང་པོ་སྟོང་ཕྲག་འཕྲེད་ཀྱིས་བཅད་ནས

ཉི་འོད་ཀྱི་ཆགས་ཞེན་ཆེས་གསལ་བའི་ཞིང་ཁམས་སུ
ལྷ་ཚོགས་ཀྱི་བསྐྱོད་སྟངས་ཀྱིས་སྔར་བཞིན་མི་སེམས་སྒུལ
ལན་ཆགས་དང་ལས་ཉོན་མ་དག་པ་ཚོས
ཏག་ཏག  གནས་འདི་ནས་དྭངས་གཙང་གི་སེམས་པ་ཞིག་འཚོལ་བར་ལྷག་ཏུ་དགའ
གནས་འདིའི་ཉི་ཟླ་འཁོར་འགྲོས་ཀྱི་ཉིན་མཚན་རེས་མོས་མཚམས་ན
ང་ཚོའི་རྨི་ལམ་དགོང་ཁའི་མཚམས་སྤྲིན་བཞིན་འཕྱུར་ཞིང
ཐོབ་དཀའ་བ་གང་ཞིག་ཐོབ་འདོད་པའི་སེམས་ངལ་གྱིས
ང་ཚོ   གནས་འདི་ནས་ཐོག་དང་པོར་ཁེར་རྐྱང་དུ་ལུས

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྲུལ་བཞུད་ཐེངས་ཤིག་གི་བློས་བསླངས།

2010-09-17 རྡོ་སྦིས་ཚེ་རིང་རྒྱལ། ཀློག་གྲངས། མཆན ཡོད།

ཟླ་དྲུག་པའི་མཐོ་སྒང་གི་མཁའ་དབུགས་འདིའི་ནམ་མཁའ་བཞིན་དྭངས
རང་བྱུང་ཁམས་ཀྱི་བརྩེ་འགྱུར་ཆེས་ཟབ་པའི་དུས་ཚིགས་ཀྱི་ངོགས་ན
མེ་ཏོག་གི་འཛུམ་བག་རྒོད་ཅིང་ཉི་འོད་ཀྱི་དྲོད་ཁོལ་འཇམ
བསམ་གཞིགས་ཟུར་གསུམ་མའི་བློས་བསླངས་ཀྱི་འཁོར་ཚུགས་ཤིག་གིས
ང་ཚོའི་སེམས་ཡན་རླུང་བུ་བཞིན་སྒུལ
སྡོད་མ་ཚུགས་པའི་དུས་ཚིགས་འདིར
ཅི་ཞིག་ཐོབ་འདོད་ཀྱི་ཞེན་ཁ་སྔར་ལས་དྲགས
སེམས་ངལ་འདིས  ང་ཚོ་སུ་ཞིག་གི་བློ་ཁ་བདེར་བབ་མྱོང?

ང་ཚོ   ས་སྒང་འདིའི་མཐོ་སར་རླུང་བུ་བཞིན་ལྡང་བའི་ང་ཚོ
རྒྱུས་མེད་ས་མཐའ་རུ་ཡུ་མོ་བཞིན་འཁྱམས་པའི་ང་ཚོ
སེམས་པའི་མཁའ་དབྱིངས་སུ་གླག་མོ་བཞིན་བསྐྱོད་པའི་ང་ཚོ
དད་འདུན་ཟབ་མོའི་སེམས་འགྱུ་གདངས་དབྱངས་སུ་བཀུག་ཅིང
མི་ལོ་དུ་མའི་དད་སྟོབས་ལམ་གྲོགས་སུ་ཉན་ནས
ཐོག་དང་པོར   ཁྱེད་ཕྱོགས་སུ་ཡུན་གྱིས་བཅར
རི་རབ་དང་གཙང་པོ་སྟོང་ཕྲག་འཕྲེད་ཀྱིས་བཅད་ནས
སེམས་ངལ་འདིས   ང་ཚོ་སུ་ཞིག་གི་བློ་ཁ་བདེར་བབ་མྱོང?

ཉི་འོད་ཀྱི་ཆགས་ཞེན་ཆེས་གསལ་བའི་ཞིང་ཁམས་སུ
ལྷ་ཚོགས་ཀྱི་བསྐྱོད་སྟངས་ཀྱིས་སྔར་བཞིན་མི་སེམས་སྒུལ
ལན་ཆགས་དང་ལས་ཉོན་མ་དག་པ་ཚོས
ཏག་ཏག  གནས་འདི་ནས་དྭངས་གཙང་གི་སེམས་པ་ཞིག་འཚོལ་བར་ལྷག་ཏུ་དགའ
གནས་འདིའི་ཉི་ཟླ་འཁོར་འགྲོས་ཀྱི་ཉིན་མཚན་རེས་མོས་མཚམས་ན
ང་ཚོའི་རྨི་ལམ་དགོང་ཁའི་མཚམས་སྤྲིན་བཞིན་འཕྱུར་ཞིང
ཐོབ་དཀའ་བ་གང་ཞིག་ཐོབ་འདོད་པའི་སེམས་ངལ་གྱིས
ང་ཚོ   གནས་འདི་ནས་ཐོག་དང་པོར་ཁེར་རྐྱང་དུ་ལུས

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།