ངས་ང་རང་སྐྱོབ་པར་སྒུག་ནས་བསྡད།

མཚན་མོ   སྨྲ་བ་མེད་པའི་བུ་དེ་ནང་བཞིན
དལ་ཅག་གེར་བསྡད་མཚམས་ནས  ངས
ཁྱོད་ཀྱིས་བརྩེ་འདང་བཀོལ་ནས་ང་རང་སྐྱོབ་པར་སྒུག
མཚན་མོ   དཀན་གཟར་གྱི་བྲག་རོང་ཞིག་དང་འདྲ་ཞིང
ང་རང་ཁྲིད་ནས་ཐག་རིང་ཐག་རིང་དུ་བགྲོད་རྩིས་ཀྱི་སྟ་གོན་ལ་བྲེལ
དུས་མཚམས་སུ  ངས་སྔར་བཞིན་ང་རང་སྐྱོབ་པར་སྒུག་ནས་བསྡད
བུ་མོ་ལགས  དོན་དམ་དུ
ཁྱོད་རང་མཐའ་དབུས་མེད་པའི་མཚན་མོ་འདི་མ་ཡིན་ནམ?
ཁྱོད་རང་གཏིང་མཐའ་བྲལ་བའི་བྲག་རོང་འདི་མ་ཡིན་ནམ?
                                            ༢༠༠༠.༤.༡༡

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ང་རང་སྐྱོབ་པར་སྒུག་ནས་བསྡད།

2010-09-16 གེ་སར། ཀློག་གྲངས། མཆན ཡོད།

མཚན་མོ   སྨྲ་བ་མེད་པའི་བུ་དེ་ནང་བཞིན
དལ་ཅག་གེར་བསྡད་མཚམས་ནས  ངས
ཁྱོད་ཀྱིས་བརྩེ་འདང་བཀོལ་ནས་ང་རང་སྐྱོབ་པར་སྒུག
མཚན་མོ   དཀན་གཟར་གྱི་བྲག་རོང་ཞིག་དང་འདྲ་ཞིང
ང་རང་ཁྲིད་ནས་ཐག་རིང་ཐག་རིང་དུ་བགྲོད་རྩིས་ཀྱི་སྟ་གོན་ལ་བྲེལ
དུས་མཚམས་སུ  ངས་སྔར་བཞིན་ང་རང་སྐྱོབ་པར་སྒུག་ནས་བསྡད
བུ་མོ་ལགས  དོན་དམ་དུ
ཁྱོད་རང་མཐའ་དབུས་མེད་པའི་མཚན་མོ་འདི་མ་ཡིན་ནམ?
ཁྱོད་རང་གཏིང་མཐའ་བྲལ་བའི་བྲག་རོང་འདི་མ་ཡིན་ནམ?
                                            ༢༠༠༠.༤.༡༡

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།