ཞོགས་པའི་འགྲུལ་བཞུད་ཁྲོད་དུ།

འབྲོང་ཕྲུག་ལྷ་ཆེན་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-13

                            ༡
ལམ་ལ་ཆས་ཁར
ངས་ད་དུང་ཅི་ཞིག་བརྗེད་སོང
མིག་ཟུང་ལས་འཛུམ་པའི་ཆུ་རྡུལ་རེ་རེ
སུ་ཞིག་གི་བརྩེ་འདང་ཡིན
བརྩེ་འདང་གི་ས་བོན་ཡིན

ཞོགས་པའི་འགྲུལ་བཞུད་ཁྲོད་དུ
རྒོད་པོ་ཁ་ཤས་རྒྱང་རིང་ནས་འོང་ཏེ
ང་ལ་མཆོད་ཆང་བཏེགས
རླངས་འཁོར་གྱི་དུང་བརྡ་ཡ
སེམས་པ་འདི་གང་ལ་འཁྱེར
ཕྱི་མིག་མ་བལྟས་གོང
ང་ཚོ་སྔར་བཞིན་གྱེས་མེད

དྲན་པའི་ནང་རོལ་ནས
རལ་བའི་སེམས་གཞས་གྲངས་མེད
སུ་ཞིག་གིས་ང་ལ་སྤུར་བའི་རླུང་རྟ་འདྲ
མཐོ་སྒང་དང་དར་ལྕོག ལུག་ཁྱུ
རེ་རེ་བཞིན་རྒྱབ་ཏུ་བསྐྱུར་ནས
ང་ཚོ་གང་ལ་འགྲོ
                         ༢
རྨི་ལམ་གྱི་མཚན་མོར
ཟླ་འོད་འཐུང་བཞིན   བྱང་གི་སྐར་ཆེན་ཞིག
རྒྱང་རིང་ནས་འོད་ཀྱིས་འཕུར་ཚུལ
ངས་ཡང་ཡང་དྲན

དེ་ནས་བཟུང
སྐྱེལ་བསུ་མེད་པའི་འགྲུལ་བཞུད་ཅིག
ཞོསག་པའི་ཐུ་འོག་ནས་ཐོག་མར་བརྩམས

གཡས་ན་རླུང་གི་རོལ་དབྱངས
གཡོན་ན་མེ་ཏོག་གི་བྲོ་ཚོགས
ཞོགས་པའི་འགྲུལ་བཞུད་ཁྲོད་དུ
སེམས་པ་ཁྲི་འབུམ
རྒྱང་རིང   རྒྱང་རིང་ལ་ཕྱོགས
མིག་ཟུང་གྲངས་མེད
རྒྱང་རིང   རྒྱང་རིང་ལ་འཁོར

བཀའ་དྲིན་ཆེ   ལོ་ཟླ་དང་ལང་ཚོ
གཉིད་འདི་མ་སངས་སྔོན་དུ
ང་སྔར་བཞིན་སུ་ཞིག་གི་དྲན་པ་ཡིན
                       ༣
ཞོགས་པའི་འགྲུལ་བཞུད་ཁྲོད་དུ
ཁ་བ་དཀར་བོ་ཞིག་རྟེན་འབྲེལ་གྱིས་བབས་ཤིང
བསེར་བུ་ཡང་མོ་ཞིག་གིས
ཨ་མའི་ཁ་བཏགས་ལྟ་བུའི་དབུ་སྐྲ་བསྐྱོད
སྦྲ་ནག   རི་སྐོར   སྒོ་ཁྱི
བསམ་གཞིསག་ལ་མི་ཤོང་བའི་ཕ་མཐའ་ན
ད་དུང་སྲིང་ཆུང་མའི་འཛུམ་ཆུང་དང་འོ་ཇ་མངར་མོ
ཕྱི་མིག་མ་བལྟས་གོང
སྔར་བཞིན  ང་ཚོ་ཁ་ཐག་ཉེ

བྱ་ཁྱུ་འཕུར་སོང
རླངས་འཁོར་གྱི་དུང་བརྡ
རི་རྒྱུད་གཅིག་ལ་ཉིན་སྲིབ་བཀར
རི་ཆུ་གཉིས་ལ་བར་ཐག་བཀྱེད
རྒོད་པོ་ལགས
གནས་ཚང་གང་ཞིག  ང་ཚོའི
མཐའ་མཇུག་གི་བསྟི་གནས་ཡིན

ཞོགས་པའི་འགྲུལ་བཞུད་ཁྲོད་དུ
རྒྱང་རིང་ནས   ཉི་མ་སེར་མདངས་ཀྱིས་ཤར
ཟླ་བ་དུང་མདོག་གིས་འཚེར  ད་དུང
སྐར་མ་དངུལ་མདངས་ཀྱིས་བཀྲ
                      ༢༠༠༠. ༨. ༡༣

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་པའི་འགྲུལ་བཞུད་ཁྲོད་དུ།

2010-09-13 འབྲོང་ཕྲུག་ལྷ་ཆེན་རྒྱལ། ཀློག་གྲངས། མཆན ཡོད།

                            ༡
ལམ་ལ་ཆས་ཁར
ངས་ད་དུང་ཅི་ཞིག་བརྗེད་སོང
མིག་ཟུང་ལས་འཛུམ་པའི་ཆུ་རྡུལ་རེ་རེ
སུ་ཞིག་གི་བརྩེ་འདང་ཡིན
བརྩེ་འདང་གི་ས་བོན་ཡིན

ཞོགས་པའི་འགྲུལ་བཞུད་ཁྲོད་དུ
རྒོད་པོ་ཁ་ཤས་རྒྱང་རིང་ནས་འོང་ཏེ
ང་ལ་མཆོད་ཆང་བཏེགས
རླངས་འཁོར་གྱི་དུང་བརྡ་ཡ
སེམས་པ་འདི་གང་ལ་འཁྱེར
ཕྱི་མིག་མ་བལྟས་གོང
ང་ཚོ་སྔར་བཞིན་གྱེས་མེད

དྲན་པའི་ནང་རོལ་ནས
རལ་བའི་སེམས་གཞས་གྲངས་མེད
སུ་ཞིག་གིས་ང་ལ་སྤུར་བའི་རླུང་རྟ་འདྲ
མཐོ་སྒང་དང་དར་ལྕོག ལུག་ཁྱུ
རེ་རེ་བཞིན་རྒྱབ་ཏུ་བསྐྱུར་ནས
ང་ཚོ་གང་ལ་འགྲོ
                         ༢
རྨི་ལམ་གྱི་མཚན་མོར
ཟླ་འོད་འཐུང་བཞིན   བྱང་གི་སྐར་ཆེན་ཞིག
རྒྱང་རིང་ནས་འོད་ཀྱིས་འཕུར་ཚུལ
ངས་ཡང་ཡང་དྲན

དེ་ནས་བཟུང
སྐྱེལ་བསུ་མེད་པའི་འགྲུལ་བཞུད་ཅིག
ཞོསག་པའི་ཐུ་འོག་ནས་ཐོག་མར་བརྩམས

གཡས་ན་རླུང་གི་རོལ་དབྱངས
གཡོན་ན་མེ་ཏོག་གི་བྲོ་ཚོགས
ཞོགས་པའི་འགྲུལ་བཞུད་ཁྲོད་དུ
སེམས་པ་ཁྲི་འབུམ
རྒྱང་རིང   རྒྱང་རིང་ལ་ཕྱོགས
མིག་ཟུང་གྲངས་མེད
རྒྱང་རིང   རྒྱང་རིང་ལ་འཁོར

བཀའ་དྲིན་ཆེ   ལོ་ཟླ་དང་ལང་ཚོ
གཉིད་འདི་མ་སངས་སྔོན་དུ
ང་སྔར་བཞིན་སུ་ཞིག་གི་དྲན་པ་ཡིན
                       ༣
ཞོགས་པའི་འགྲུལ་བཞུད་ཁྲོད་དུ
ཁ་བ་དཀར་བོ་ཞིག་རྟེན་འབྲེལ་གྱིས་བབས་ཤིང
བསེར་བུ་ཡང་མོ་ཞིག་གིས
ཨ་མའི་ཁ་བཏགས་ལྟ་བུའི་དབུ་སྐྲ་བསྐྱོད
སྦྲ་ནག   རི་སྐོར   སྒོ་ཁྱི
བསམ་གཞིསག་ལ་མི་ཤོང་བའི་ཕ་མཐའ་ན
ད་དུང་སྲིང་ཆུང་མའི་འཛུམ་ཆུང་དང་འོ་ཇ་མངར་མོ
ཕྱི་མིག་མ་བལྟས་གོང
སྔར་བཞིན  ང་ཚོ་ཁ་ཐག་ཉེ

བྱ་ཁྱུ་འཕུར་སོང
རླངས་འཁོར་གྱི་དུང་བརྡ
རི་རྒྱུད་གཅིག་ལ་ཉིན་སྲིབ་བཀར
རི་ཆུ་གཉིས་ལ་བར་ཐག་བཀྱེད
རྒོད་པོ་ལགས
གནས་ཚང་གང་ཞིག  ང་ཚོའི
མཐའ་མཇུག་གི་བསྟི་གནས་ཡིན

ཞོགས་པའི་འགྲུལ་བཞུད་ཁྲོད་དུ
རྒྱང་རིང་ནས   ཉི་མ་སེར་མདངས་ཀྱིས་ཤར
ཟླ་བ་དུང་མདོག་གིས་འཚེར  ད་དུང
སྐར་མ་དངུལ་མདངས་ཀྱིས་བཀྲ
                      ༢༠༠༠. ༨. ༡༣

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།