འདི་ལྟར།

འདི་ལྟར   ངང་ཆུང་སྒོས་ཉན་ཚེ  
གཙང་པོས་མགོ་ཁུངས་དེད་ནས་འཕྱུར་ཡོང
འདི་ལྟར   ནན་ཏན་གྱིས་བལྟས་ན
སྦྲང་མས་མེ་ཏོག་ཁུར་ནས་བྲོས་འགྲོ

འདི་ལྟར   མཁའ་དབུགས་དྭངས་མོའི་བར་སྣང་ལ
རེ་སྨོན་གྱི་རླུང་རྟ་ལེབ་མོ་འཚུབ
འདི་ལྟར   སྒེའུ་ཁུང་ཡངས་མོའི་བྱ་འདབས་ལ
རྒྱང་རིང་གི་ཕྱིར་དྲན་རབ་རིབ་འཐིབ

འདི་ལྟར 
མེ་ཏོག་ལྟ་བུའི་ན་ཆུང་གི་ལང་ཚོས
ཁྲག་ཁོལ་དྲོན་མོའི་བདེ་དྲོད་རུམ་མ་ཚར
འདི་ལྟར 
བརྩེ་དུང་དང་ལྷན་དུ་འདྲེས་སོང
འདི་ལྟར
མུན་ནག་གི་ཟབ་སར་འཛུལ་སོང
                          ༢༠༠༣ལོའི་ཟླ༣པའི་ཚེས༡༥ཉིན་བྲིས།
                               ༼ འཛུམ།༽
འཛུམ་པ་ནི་ཁོ་མོའི་མིག་ཟུང་དང་མཆུ་སྒྲོས་རེད
འཛུམ་པ་ནི་ཁོ་མོའི་མཆུ་སྒྲོས་ལ་བྱུགས་པའི་ཚོན་རྩི་དེའི་གསོན་ཤུགས་རེད
འཛུམ་པ་ཡོད་ཚད   ཁོ་མོའི་དུང་སོ་སུམ་ཅུའི་གཏིང་རིམ་ལ་སྦེད་དུས
དེའང་འཛུམ་པ་སྟེ   ལྷ་ཡི་འཛུམ་པ་རེད
མཛེས་སྡུག་གི་འཛུམ་པ་རེད

གཙང་པོའི་གྲིབ་གཟུགས    བསིལ་རླུང་གི་དབྱངས་རྟ
འཛུམ་པ་ནི་ཁོ་མོའི་སྐྲ་ལོ་སྟེ
བདག་མདུན་དུ་བཞུར་བའི་ཆུ་མིག་ཉིད
བསུང་ངད་ཞིམ་པོ་མེ་ཏོག་འདྲ
འཇམ་མཉེན་རྒོད་པ་ལྕུག་ཕྲན་བཞིན
དེ་ནི་འཛུམ་པ་སྟེ    སྙན་ངག་གི་འཛུམ་པ་རེད
རི་མོའི་འཛུམ་པ་རེད

སྤྲིན་དཀར་གྱི་རྗེས་ཤུལ
རླབས་ཕྲེང་གི་ལང་ཚོ
                                ༢༠༠༣ལོའི་ཟླ༤པའི་ཚེས༢༥ཉིན།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་ལྟར།

2010-09-05 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

འདི་ལྟར   ངང་ཆུང་སྒོས་ཉན་ཚེ  
གཙང་པོས་མགོ་ཁུངས་དེད་ནས་འཕྱུར་ཡོང
འདི་ལྟར   ནན་ཏན་གྱིས་བལྟས་ན
སྦྲང་མས་མེ་ཏོག་ཁུར་ནས་བྲོས་འགྲོ

འདི་ལྟར   མཁའ་དབུགས་དྭངས་མོའི་བར་སྣང་ལ
རེ་སྨོན་གྱི་རླུང་རྟ་ལེབ་མོ་འཚུབ
འདི་ལྟར   སྒེའུ་ཁུང་ཡངས་མོའི་བྱ་འདབས་ལ
རྒྱང་རིང་གི་ཕྱིར་དྲན་རབ་རིབ་འཐིབ

འདི་ལྟར 
མེ་ཏོག་ལྟ་བུའི་ན་ཆུང་གི་ལང་ཚོས
ཁྲག་ཁོལ་དྲོན་མོའི་བདེ་དྲོད་རུམ་མ་ཚར
འདི་ལྟར 
བརྩེ་དུང་དང་ལྷན་དུ་འདྲེས་སོང
འདི་ལྟར
མུན་ནག་གི་ཟབ་སར་འཛུལ་སོང
                          ༢༠༠༣ལོའི་ཟླ༣པའི་ཚེས༡༥ཉིན་བྲིས།
                               ༼ འཛུམ།༽
འཛུམ་པ་ནི་ཁོ་མོའི་མིག་ཟུང་དང་མཆུ་སྒྲོས་རེད
འཛུམ་པ་ནི་ཁོ་མོའི་མཆུ་སྒྲོས་ལ་བྱུགས་པའི་ཚོན་རྩི་དེའི་གསོན་ཤུགས་རེད
འཛུམ་པ་ཡོད་ཚད   ཁོ་མོའི་དུང་སོ་སུམ་ཅུའི་གཏིང་རིམ་ལ་སྦེད་དུས
དེའང་འཛུམ་པ་སྟེ   ལྷ་ཡི་འཛུམ་པ་རེད
མཛེས་སྡུག་གི་འཛུམ་པ་རེད

གཙང་པོའི་གྲིབ་གཟུགས    བསིལ་རླུང་གི་དབྱངས་རྟ
འཛུམ་པ་ནི་ཁོ་མོའི་སྐྲ་ལོ་སྟེ
བདག་མདུན་དུ་བཞུར་བའི་ཆུ་མིག་ཉིད
བསུང་ངད་ཞིམ་པོ་མེ་ཏོག་འདྲ
འཇམ་མཉེན་རྒོད་པ་ལྕུག་ཕྲན་བཞིན
དེ་ནི་འཛུམ་པ་སྟེ    སྙན་ངག་གི་འཛུམ་པ་རེད
རི་མོའི་འཛུམ་པ་རེད

སྤྲིན་དཀར་གྱི་རྗེས་ཤུལ
རླབས་ཕྲེང་གི་ལང་ཚོ
                                ༢༠༠༣ལོའི་ཟླ༤པའི་ཚེས༢༥ཉིན།

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།